པཎ་ཆེན་རིན་པོ་ཆེ་རྗེ་བཙུན་མི་ལ་རས་པའི་བཞུགས་གནས་སུ་ཕེབས་པ།

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

           ཟླ་8ཚེས་19ནས་24ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པ་དང་བརྟག་ཞིབ་གནང་བ་རེད། 

                པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་རྫོང་དགའ་ཆོས་སྡེ་དགོན་དང་། སྒྲོལ་མ་ལྷ་ཁང་། འཕགས་པ་དགོན། རྗེ་བཙུན་མི་ལ་རས་པའི་འཁྲུངས་ཡུལ། བྲག་དཀར་རྟ་སོ་སོགས་སུ་ཆིབས་བསྒྱུར་གནང་ནས། གནས་གཟིགས་ཕྱག་མཆོད་གནང་བ་དང་འབྲེལ་གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད། དེའི་རིང་ཁོང་གིས་སྐྱིད་གྲོང་གྲོང་རྡལ་རྟ་དམག་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོ་དང་མར་དཀར་གྲོང་ཚོར་ཕེབས་ནས་མི་རིགས་མཐུན་སྒྲིལ་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ས་ཆ་གང་དུ་ཕེབས་ཀྱང་དགོན་སྡེའི་རྒྱ་ཆེའི་གྲྭ་དམངས་དང་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་གཟབ་ཤོས་དང་མི་རིགས་ཀྱི་གོམས་སྲོལ་རྒྱས་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆིབས་བསྒྱུར་གནང་བར་ཕེབས་བསུ་ཞུས་པ་རེད། 

གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་སྐྱིད་གྲོང་རྫོང་གི་རི་བོར་དུས་བཞིའི་ཁྱད་ཆོས་ལྡན་ལ་ལེ་དབར་བཅུ་རེར་གནམ་གཤིས་མི་འདྲ་བའི་རང་བྱུང་མཛེས་ལྗོངས་མཐོང་རྒྱུ་ཡོད།

རྫོང་དགའ་ཆོས་སྡེ་དགོན་གྱི་དགེ་འདུན་པའི་སེར་སྦྲེངས་རུ་ཁག་གིས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུ་བ། 

སྐྱིད་གྲོང་གྲོང་རྡལ་སྐྱིད་གྲོང་སྡེ་ཁུལ་གྱི་མང་ཚོགས་ཚོས་རང་འགུལ་ངང་ས་གནས་ཀྱི་སྲོལ་རྒྱུན་གླུ་གར་འཁྲབ་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུ་བ།  

པཎ་ཆེན་རིན་པོ་ཆེ་མཇལ་བར་ཡོང་མཁན་གྱི་དད་ལྡན་མང་ཚོགས།

དགོན་སྡེའི་མཐའ་འཁོར་དུ་དད་ལྡན་མང་ཚོགས་ཀྱིས་རུ་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་རྒྱུར་བསྒུགས་ནས་སྡོད་པ། 

རྗེ་བཙུན་མི་ལ་རས་པ་འཁྲུངས་ཡུལ་རྫོང་དགའ་གྲོང་རྡལ་རྩྭ་ལུང་གྲོང་ཚོར་པཎ་ཆེན་རིན་པོ་ཆེ་རྗེ་བཙུན་མི་ལའི་བཞུགས་གནས་ཀྱི་ཞིང་ཁ“འོར་མ་གྲུ་གསུམ”འགྲམ་དུ་ཏིང་འཛིན་སྒོམ་སྒྲུབ་ལ་བཞུགས་པ། 

       པཎ་ཆེན་རིན་པོ་ཆེས་རྟ་དམག་གྲོང་ཚོའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལས་སྣོན་མཉམ་ལས་ཁང་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ། 

པཎ་ཆེན་རིན་པོ་ཆེས་རྟ་དམག་གྲོང་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་བ། 

དད་ལྡན་མང་ཚོགས་ཚོས་པཎ་ཆེན་རིན་པོ་ཆེ་མཇལ་བ་དང་འབྲེལ་ཁོང་གི་ཕྱག་དབང་ཞུས་པ། 

           པཎ་ཆེན་རིན་པོ་ཆེས་ཡོམ་འགོག་གེགས་སེལ་གྱི་དྲན་གསོ་ཁང་དུ་མའོ་ཀྲུའུ་ཞིའི་སྐུ་པར་ལ་གཟིགས་ཤིང་། སྐུ་པར་འདི་ནི་མར་དཀར་གྲོང་ཚོའི“4·25”ས་ཡོམ་ནང་སྐྱིད་གྲོང་རྫོང་གི་ཡུལ་མི་ཚོས་སྲོག་ཉེན་ལ་མ་བལྟོས་པར་ཉར་ཚགས་བྱས་པ་ཞིག་རེད།

པཎ་ཆེན་རིན་པོ་ཆེ་གྲོང་ཚོ་དང་དུད་ཚང་དུ་ཕེབས་ནས་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ།

རང་བྱུང་ཁམས་དང་ཁོར་ཡུག་སྲུང་སྐྱོང་ལ་གཙིགས་ཆེན་གནང་མཁན་པཎ་ཆེན་རིན་པོ་ཆེས་པད་ཁུད་མཚོ་འགྲམ་དུ་གད་སྙིགས་སྒྲུག་པ། 

བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་ཀློང་དུ་ཡུལ་མི་ཚོས་ཁ་བཏགས་ཁུར་ཏེ་གྲོང་ཚོའི་མདའ་རུ་པཎ་ཆེན་རིན་པོ་ཆེར་ཕེབས་སྐྱེལ་ཞུ་བ། 

ཇོ་མོ་གླང་མའི་རྒྱབ་རོལ་གྱི་མེ་ཏོག་ལྡུམ་ར་ཞེས་གྲགས་པའི་སྐྱིད་གྲོང་གྲོང་རྡལ་གནས་གྲོང་ཚོའི་མཛེས་ལྗོངས། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།