ཕྱི་འབྲེལ་པུས་G7ནས་ཤང་ཀང་ལ་ཐེ་ཇུས་བྱེད་མི་ཆོག་པའི་ཐ་ཚིག་བསྒྲཊ།

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                 སྤྱི་ཚེས་༢༦ཉིན་མཇུག་སྒྲིལ་བའི་རྒྱལ་ཁབ་བདུན་ཚོགས་པའི་ (G7)དབུ་ཚོགས་ཐོག དབུ་ཁྲིད་མི་སྣའི་གསལ་བསྒྲགས་ནང་། ཀྲུང་གོ་དང་དབྱིན་ཇིའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྒྱུན་མཐུད་རང་བཞིན་དང་གལ་ཆེའི་རང་བཞིན་བསྐྱར་བཤད་བྱས་ཡོད། གནད་དོན་དེར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་རྒྱལ་ཁབ་བདུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཤང་ཀང་བྱ་དོན་ལ་གང་བྱུང་ཐེ་ཇུས་བྱེད་མི་ཆོག་ཅེས་ཐ་ཚིག་བསྒྲགས་ཡོད།  

                མགྲིན་ཚབ་པས་ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཀྱི་འགོ་ཁྲིད་མི་སྣས་གསལ་བསྒྲགས་སྤེལ་ཏེ། ཤང་ཀང་གི་བྱ་དོན་ཐད་བྱུང་རྒྱལ་གཏམ་འཆལ་སྨྲ་བ་དང་། གང་བྱུང་ཐེ་ཇུས་བྱས་པར་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་རེད། ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། ཕྱི་རྒྱལ་གྱི་སྲིད་གཞུང་དང་། སྒྲིག་འཛུགས། མི་སྒེར་སོགས་གང་རུང་ཞིག་ལའང་ཐེ་ཇུས་བྱེད་པའི་དབང་ཆ་མེད་ཅེས་བསྟན་ཡོད། 

                མགྲིན་ཚབ་པས་ཀྲུང་གོ་དང་དབྱིན་ཇིའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་མཐའ་མའི་དམིགས་ཡུལ་དང་ལྟེ་བའི་ནང་དོན་ནི་ཀྲུང་གོས་ཤང་ཀང་ཚུར་བླངས་པ་དང་། ཤང་ཀང་གི་བདག་དབང་བེད་སྤྱོད་བྱེད་དབང་སླར་གསོ་བྱས་པ་གཏན་འཁེལ་བྱས་པ་དེ་ཡིན། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་བསྟུན་ནས། ཀྲུང་གོ་སྲིད་གཞུང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་གཞིགས་ནས་ཤང་ཀང་དུ་དོ་དམ་བཅོས་སྐྱོང་བྱས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་གཞིགས་ན། རྒྱལ་ཁབ་དང་སྒྲིག་འཛུགས་གང་རུང་ཞིག་ལའང་ཀྲུང་གོ་དང་དབྱིན་ཇིའི་མཉམ་འབྲེལ་གསལ་བསྒྲགས་ཁ་གཡར་སར་བྱས་ནས་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་པའི་དབང་ཆ་མེད་ཅེས་ནན་བཤད་གནང་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།