ཕྲུ་གུར་སྨན་སྟེར་དུས་ཡི་གེ་འདི་དག་ཡོད་ན་དེ་བས་གཟབ་གཟབ་གནང་རོགས།

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

            སྨན་ཉོ་སྐབས་དང་གཏོང་སྐབས་ཕུའུ(扑)དང་། རྨེན(敏) པེན(苯) ལིན(啉) མཱ(麻) མེ(美) ཨན(氨) ཧྥན (酚)བཅས་ཡི་གེ་བརྒྱད་པོ་འདི་དག་ཡོད་ན་ཡིད་གཟབ་བྱེད་དགོས། 

དང་པོ།

             ལུས་པེན་ན་རྨེན(氯苯那敏) དང་པེན་ཧེ་ལ་མིང(苯海拉明)སོགས་ལ་དབང་རྩའི་ལྟེ་བར་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པས་གཉིད་ཁུག་པ་དང་དཀའ་ལས་ཁག་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད་སྟབས། ཁ་ལོ་བས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས། 

གཉིས་པ། 

          མ་ཏིང་ལིན(吗丁林)དང་ལུ་ཏེ་ལིན(路得啉)སོགས་ཀྱི་གྲུབ་ཆ་གཙོ་བོ་ནི་ཏོ་ཕན་ལི་དུང(多潘立酮)ཡིན་ཞིང་། དེས་སྙིང་གི་འཕར་ཚད་རྒྱུན་གཏན་མ་ཡིན་པའི་སྣང་ཚུལ་ཐོན་གྱི་ཡོད་པས། སྙིད་ནད་ཡོད་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས། 

གསུམ་པ།

         མེ་ཕུ་འོད་མ(美扑伪麻片)དང་འོད་མ་ན་མིན(伪麻那敏片)གྱི་མ(麻)ནི་མ་ཧོང་ཅན(麻黄碱)འདུས་པར་ཟེར་ཞིང་། དེས་ཁྲག་རྩ་ཁུམ་གྱི་ཡོད་པས། ཁྲག་ཤེད་མཐོ་བ་དང་སྙིང་གཟེར་རྒྱག་མཁན་སོགས་ཀྱིས་སྤྱད་ན་འཚམ་པོ་མེད་སྟབས། སྙིང་གཟེར་རྒྱག་མཁན་གྱིས་སྨན་འདི་རིགས་གཏོང་སྐབས་ཡིད་གཟབ་བྱེད་དགོས། 

བཞི་པ། 

         ཡོ་མེ་ཧྲ་ཧྥན(右美沙芬)ནི་ནད་ཐོག་སྨན་བཅོས་ལ་རྒྱུན་དུ་སྤྱོད་པའི་གློ་སྨན་གྱི་གྲས་ཤིག་ཡིན་ཞིང་། གྲུབ་ཆ་འདི་འདུས་པའི་སྨན་མང་ཆེ་བར་ཡི་གེ་མེ(美)ཞེས་པ་འདི་ཡོད་སྟབས། ལུད་པ་མང་མཁན་གྱིས་སྨན་འདི་རིགས་ལ་ཡིད་གཟབ་བྱེད་དགོས། 

          ཡི་ཤན་ཨན་ཅི་ཧྥན(乙酰氨基酚 扑热息痛)ནི་རྒྱུན་དུ་ཚ་བ་གཅོག་པ་དང་གཟུགས་གཟེར་འཇོམས་པར་སྤྱོད་ཀྱི་ཡོད་ནའང་སྨུག་པོའི་ནད་ཕོག་མཁན་གྱིས་གཏོང་སྐབས་ཁྲག་དོན་པའི་ཉེན་ཁ་ཡོད་པས། སྨུག་པོའི་ནད་ཕོག་མཁན་གྱིས་སྨན་འདི་རིགས་ཡིད་གཟབ་བྱེད་དགོས། 

        1.ལོ་ཚད་མི་འདྲ་བར་གཞིགས་ནས་ཚ་བ་གཅོག་པའི་སྨན་སྟེར་དགོས། 

2.ཚ་བ་གཅོག་པའི་སྨན་བརྗེ་རེས་བྱས་ནས་སྟེར་མི་ཉན། 

                                                                         3.རང་དགར་དུག་སྲིན་འགོག་སྨན་སྟེར་མི་ཉན། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།