འཛམ་གླིང་གི་ནཊ་ཚལ་ཆེ་ཤོས་བསྟུད་མར་ཉིན་20ལྷག་རིང་མེ་རུ་འབར་བ།

རྩོམ་པ་པོ།   དུས་ཚོད།   2019-08-28   རྩོམ་ཁུངས།    ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ།

                  སྤྱི་ཟླ་༨ཚེས་༥ཡས་མས་སུ། འཛམ་གླིང་གི་ནགས་ཚལ་ཆེ་ཤོས་ཨ་མཱ་ཟོན་(Amazon Rain Forest,亚马逊雨林)ལ་མེ་སྐྱོན་བྱུང་ནས་ད་བར་འབར་བཞིན་ཡོད་ཅིང་། སྤྱི་ཚེས་༢༦ཉིན་བར་ནགས་ཚལ་དེ་བསྟུད་མར་མེ་རུ་འབར་ནས་ཉིན་༢༠ཙམ་ཕྱིན་ཡོད་པ་དང། མེ་སྐྱོན་དེ་འདྲ་ཆེ་བ་ད་སྔ་བྱུང་མྱོང་མེད་ལ། མེ་སྐྱོན་དེ་བྱུང་རྐྱེན་ད་དུང་གསལ་བོ་ཤེས་ཀྱི་མེད་པ་རེད།

ནགས་ཚལ་དེར་ཡོད་པའི་སྲོག་ཆགས་མང་པོ་མེས་ཚིག་པ།

                   ཨ་མཱ་ཟོན་ནགས་ཚལ་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཨ་མཱ་ཟོན་བདེ་ཐང་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་5དང་འབུམ་5ཡོད་པ་དང་།  ནགས་ཚལ་དེས་པར་ཙིར་(60%བཟུང་ཡོད)དང་། ཀོ་ལིམ་པི་ཡ། སེ་པི་ཡ། ཝེ་ནེ་ཙུའེ་ལ། ཨེ་ཁྭ་ཏོར། པོ་ལི་ཝེ་ཡ། ཀུའེ་ཡ་ན། སུའུ་ལི་ནན། ཧྥ་རན་སི(ཧྥ་རན་སིའི་ཁོངས་གཏོགས་ཀུའེ་ཡ་ནར)བཅས་རྒྱལ་ཁབ་9འཕྲེད་ཀྱིས་བཅད་ཡོད།  

                ནགས་ཚལ་དེས་འཛམ་གླིང་གི་ཆར་ནགས་ཡོངས་ཀྱི་ཕྱེད་ཀ་ཟིན་ཡོད་ཅིང་། སའི་གོ་ལ་ཧྲིལ་པོའི་ནགས་ཚལ་ཡོངས་ཀྱི་20%ཟིན་ཡོད་པ་དང་། དེ་ནི་འཛམ་གླིང་གི་ནགས་ཚལ་ཆེ་ཤོས་དང་སྐྱེ་དངོས་རིགས་སྣ་མང་ཤོས་ཀྱི་ཆར་ནགས་ཡིན།   

               སའི་གོ་ལའི་དབྱང་རླུང་གི་བརྒྱ་ཆའི་20ཙམ་ནགས་ཚལ་དེར་བརྟེན་ནས་འབྱུང་བཞིན་ཡོད་པ་དང་། ནགས་ཚལ་དེ་སའི་གོ་ལའི་ཁོར་ཡུག་དང་གནམ་གཤིས་སོགས་དང་འབྲེལ་དམ་ཟབ་ལྡན་པར་བརྟེན་ ༼སའི་གོ་ལའི་གློ་བ་༽ཞེས་པའི་མཚན་སྙན་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།