ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་མུ་མཐུད་དུ་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ་སྒོ་ཁྲལ་གྱི་ཁྲལ་ཚད་མང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཐད་གཏམ་བཤད་སྤེལ་བ།

རྩོམ་པ་པོ།   དུས་ཚོད།   2019-08-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་མུ་མཐུད་དུ་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་གི་སྒོ་ཁྲལ་ཁྲལ་ཚད་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པའི་ཐད་གཏམ་བཤད་སྤེལ་ཡོད། གཏམ་བཤད་པས། སྤྱི་ཟླ་༨ཚེས་༢༤ཉིན། ཨ་རིས་ཨ་སྒོར་དུང་ཕྱུར་༥༥༠༠རིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་སྒོ་ཁྲལ་གྱི་ཁྲལ་ཚད་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཕྱོགས་ནས་དོན་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕྱོགས་རྐྱང་པ་དང་། བཙན་འགེབས་བྱེད་པའི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་དང་གནོན་ཤུགས་ཆེན་པོ་སྤྲད་པའི་བྱ་ཐབས་དེས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་ཐུན་མོང་ངོས་འཛིན་ལས་རྒྱབ་འགལ་བྱས་པ་དང་། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལས་འགལ་ཡོད་ཅིང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་དང་རྒྱུན་ལྡན་གྱི་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་པས། དེ་འདྲ་བྱས་ཚེ་རང་བྱས་རང་མྱོང་བྱེད་ངེས་ཡིན། ཀྲུང་གོའི་ཕྱོགས་ནས་ཀྱང་ཨ་རིས་དུས་བབ་ཀྱི་ལྟ་སྟངས་མི་ནོར་བ་དང་། ཀྲུང་གོ་མི་དམངས་ཀྱི་ཆོད་སེམས་ལ་སྣང་ཆུང་མི་བྱེད་པ། ནོར་འཁྲུལ་ཅན་གྱི་བྱེད་སྟངས་ལམ་སེང་མཚམས་འཇོག་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། དེ་མིན་ཚེ་མཇུག་འབྲས་ཚང་མ་ཨ་རིའི་ཕྱོགས་ནས་འགན་འཁུར་དགོས་ཞེས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།