གཏམ་བཟང་འདི་དག་ཀྱང་།། ཀུན་གྱི་རྣ་བར་སྒྲོགས།།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-08-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   ཚེས་21ཉིན་གྱི་ཕྱི་དྲོར། ཏུའུ་ཝུན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚུའུ་ཐོའུ་ལུང་པའི་རྨིན་ཅིང་གཙང་བོའི་ཟམ་ཆེན་ནས་འཁོར་རིགས་འགྲོ་ཐུབ་པར་གྱུར།   

                   ཚེས་22ཉིན་གྱི་སྔ་དྲོར། ཏུའུ་ཝུན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆེས་མཐའ་མའི་གནོད་ཐེབས་ས་ཚིགས་ཏེ། ཏེང་ཞི་ལུང་པའི་བར་གྱི་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་ཞིག་གསོ་བྱས་ཏེ། གནས་སྐབས་རིང་ཉེན་སེལ་མྱར་མྱུར་སྐྱོབ་ཀྱི་བགྲོད་ལམ་ཡོད་པར་གྱུར།

                   ཚེས་22ཉིན། ཉེན་སེལ་མྱུར་སྐྱོབ་རུ་ཁག་གིས་མུ་མཐུད་བརྩོན་པ་བྱས་མཐར། ཏུའུ་ཝུན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཏན་ཁན་ལིའང་ཙི་ཕུག་ལམ་དུ་གནས་སྐབས་ཀྱི་ལམ་ཆུང་ཤར་བགྲོད་ཐུབ་པར་གྱུར།

             བགྲོད་ལམ་རེ་རེ་ནི་ཚེ་སྲོག་རེ་རེ་དང་འབྲེལ་ཡོད་ལ། འདི་འདྲའི་ཡིད་ཆེས་དང་ཆོད་སེམས་ཁྱེར་ཏེ། ཡུལ་དངོས་སུ་ཉེན་སེལ་མྱུར་སྐྱོབ་ཀྱི་བྱ་བར་ཆས་པའི་དཔའ་བོ་རྣམས་ཀྱིས་ཉིན་མཚན་ལྟོས་མེད་དུ། འདམ་རྡོས་བཀང་པའི་གཞུང་ལམ་སོར་མོ་གང་རེ་གང་རེ་ལྟར་གཙང་མར་བཟོས་ཏེ། གཞུང་ལམ་ཤར་བགྲོད་ཀྱི་མཚམས་ཐིག་མདུན་ནས་མདུན་དུ་སྤར། 

             མུ་མཐུད་འབད་པ་བྱས་མཐར། ཚེས་23ཉིན་གྱི་སྔ་དྲོའི་དུས་ཚོད་10པའི་དབར་དུ། རང་ཁུལ་གྱི་ཏུའུ་ཝུན་དབར་གྱི་མྱུར་བགྲོད་གཞུང་ལམ་དུ་གནས་སྐབས་ཀྱི་བགྲོད་ལམ་ཆུང་བ་ཤར་གཏོང་ཐུབ་པར་གྱུར་པ་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་317ཐུང་ཧྭ་ཞའོ་ཆའོ་ཟམ་པའི་མཚམས་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་350ཝོ་ལུང་ནས་རི་བོ་དཔའ་དམ་གྱི་དབར་དང་། རྒྱལ་ཁབ་རིམ་པའི་གལུང་ལམ་350ཡིང་ཞིའུ་གྲོང་རྡལ་ནས་ཀུན་དར་ཡུལ་ཚོའི་དབར་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་350ཀུན་དར་ཡུལ་ཚོ་ནས་ཝོ་ལུང་ཡུལ་ཚོའི་དབར་ཏེ། ཅན་ཀྲུའུ་ཕུག་ལམ་དང་པོའི་མཚམས་དབར་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་213ཡུས་ལུང་ཡུལ་ཚོ་ནས་ཝུན་ཁྲོན་རྫོང་མཁར་དབར་དང་། ཞིང་ཆེན་རིམ་པའི་གཞུང་ལམ་216ཧྲོའུ་ཅང་ཟམ་ཆེན་ནས་སན་ཅང་ཡུལ་ཚོའི་དབར་བཅས་སུ་གནས་སྐབས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་འདུག

            དེ་ལྟར། ཤར་བགྲོད་ཐུབ་པའི་བགྲོད་ལམ་རེ་རེ་གནོད་ཐེབས་ས་ཆར་ཉེན་སེལ་མྱུར་སྐྱོབ་ཏུ་བསྐྱོད་པའི་ཚེ་སྲོག་གི་ཐགས་པ་རེ་རེར་གྱུར་ལ། གནོད་ཐེབས་མང་ཚོགས་དང་ལྗོངས་སྐོར་པ་དག་དཀའ་སྡུག་ལས་གྲོལ་བའི་ལམ་བུ་རེ་རེར་གྱུར་ཏོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།