བློ་སེམས་གཅིག་ཏུ་བསྒྲིལ།། གནོད་སེལ་མཉམ་དུ་བྱ།།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-08-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ་8ཚེས་20ཉིན། དྲག་ཆར་བསྟུན་མར་བབས་པས། རང་ཁུལ་གྱི་ཝུན་ཁྲོན་དང་། ལིས་རྫོང་། མའོ་རྫོང་། ཟུང་ཆུ་རྫོང་། ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་སུ་གློ་བུར་དུ་རི་ཉིལ་དང་། འདམ་རྡོ་རུད་པ་སོགས་ཀྱི་གནོད་འཚེ་བྱུང་པས། ཁྲེང་ཏུའུ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་།  རྒྱལ་ཁབ་རིམ་པའི་གཞུང་ལམ་213དང་317དང་350སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཁག་ལ་གནོད་པ་བཟོས་པས་ལམ་འགགས་པར་གྱུར།

             དེའི་རྐྱེན་གྱིས་ལྗོངས་སྐོར་པ་མང་པོ་དང་། འཁོར་རིགས་མང་པོ་འགྲོ་མ་ཐུབ་པར་ལུས་པར་མ་ཟད། དཀོས་ཟོག་སྐྱེལ་འདྲེན་དཀའ་བ་དང་། གནོད་སེལ་རོགས་སྐྱོབ་ཀྱི་བྱ་བར་གེགས་ཆེན་བཟོས་པ་སོགས་བྱུང་། རྒྱལ་ཁབ་རིམ་པའི་གཞུང་ལས་213དང་། ཁྲེང་ཏུའུ་དང་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་པོ་རང་ཁུལ་འགྲོ་འོངས་བྱ་སའི་ལམ་འགགས་ཆེན་པོ་གཉིས་ཡིན་པས། གཞུང་ལམ་ཤར་བགྲོད་ཐུབ་མིན་གྱི་གནས་ཚུལ་དེར་མི་བགྲངས་ལས་འདས་པ་ཞིག་གིས་སེམས་ཁུར་བྱེད་བཞིན་ཡོད།

             གནོད་འཚེ་བྱུང་བའི་རྗེས་དེ་མ་ཐག་པར། རང་ཁུལ་གྱིས་གནོད་སེལ་གྱི་གྲ་སྒྲིག་བཟོས་ཤིང་། གཞུང་ལམ་ཁག་ཤར་བགྲོད་མྱུར་གཏོང་དང་ཤར་བགྲོད་འགན་གྱི་ཚོ་ཆུང་བཙུགས་ཏེ། དུས་ཐོག་དང་པོ་ནས་གནོད་ཐེབས་ས་ཆར་བསྐྱོད་ཅིང་། གཞུང་ལམ་དུ་འཁོར་རིགས་རྣམས་ཤར་བགྲོད་མྱུར་གཏོང་དང་ཤར་བགྲོད་འགན་ལེན་ཐུབ་པའི་ལས་དོན་བསྒྲུབས་པར་མ་ཟད། ཛ་དྲག་ཆེན་པོས་བཀོད་སྒྲིག་བསྐུལ་ལ། སི་ཁྲོན་གྱི་ཁྲོན་ནུབ་མྱུར་བགྲོད་གཞུང་ལམ་ཚད་ཡོད་འགན་ལེན་ཀུང་སི་དང་། ཁུལ་གཞུང་ལམ་དོ་དམ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་དག་རྩ་འཛུགས་གོ་རིམ་ལྡན་པར་བྱས་ཏེ། ནུས་པ་ཡོད་དགུས་གཞུང་ལམ་དུ་ཤར་བགྲོད་མྱུར་གཏོང་དང་། ཤར་བགྲོད་འགན་ལེན་གྱི་བྱ་བ་ལེགས་པར་བསྒྲུབས། 

               ཟླ་8ཚེས་23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚའོ་ཕའོ་ཡི་ཕྱོགས་སུ་ལམ་ཞིག་པའི་གནས་ཚུལ་ལ་ལྟ་བཞིན་པ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།