ན་གཞོན་རང་འདུན་པ་རྣམས་ཀྱིས་ཉེན་སེལ་རོགས་སྐྱོབ་ཀྱི་བྱམས་བརྩེ་ཕུལ་བ།

རྩོམ་པ་པོ།   དུས་ཚོད།   2019-08-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བའི་གསར་འགྱུར་དྲ་བའི་འཕྲིན། གནོད་འཚེ་བྱུང་མ་ཐག་ཏུ། རང་ཁུལ་གྱི་ན་གཞོན་རང་འདུན་པ་རྣམས་ཀྱིས་རང་འགུལ་ངང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཅིང་། ཧུར་བརྩོན་ཆེན་པོས་རང་འདུན་པའི་རུ་ཁག་རྩ་འཛུགས་བགྱིས་ཏེ། བྲུག་འགོག་ཉེན་སེལ་གྱི་མཁོ་སྒྲུབ་འགན་ལེན་དང་། གནོད་ཐེབས་ཁུལ་གྱི་མང་ཚོགས་དང་ཁ་གྲམ་པར་བྱེད་པ་དང་། གནོད་ཐེབས་མང་ཚོགས་འདུག་ས་བཀོད་སྒྲིག་དང་། དངོས་ཟོག་འགྱེད་པ་སོགས་ཀྱི་བྱ་བར་རོགས་འདེགས་གལ་ཆེན་བྱས་པར་མ་ཟད། མང་ཚོགས་རྣམས་ཀྱི་སྣེ་ཁྲིད་དེ་རང་སྐྱོབ་ཀྱི་བྱ་བའང་བསྒྲུབས་པ་བཅས་སོ། ། 

  འབྱུང་བཞིའི་གནོད་པར་སྙིང་རྗེ་བྲལ་ནའང་། །

     མི་ཀུན་བརྩེ་བ་ཟབ་པས་འཇིགས་ཅི་དགོས། །

     ཤ་འོད་འདམ་རུད་ཀུན་ཀྱང་བཟློགས་པ་ཡིས། །

     གནོད་ཐེབས་དམངས་རྣམས་ཁྱིམ་དུ་བདེ་འབྱོར་ཤོག །

གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།