བོད་ཀྱི་གཞོན་ནུས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཊ་ལ་སྐད་གྲགས་བཞག་འདུག

རྩོམ་པ་པོ།   དུས་ཚོད།   2019-08-21   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

                  ཧྲན་ཤིས་ཐའེ་ཡོན་དུ་སྤེལ་བའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པར། རང་ལྗོངས་ཀྱི་གཞོན་ནུ་ལུས་རྩལ་པ་207གྱིས་དཀའ་སྤྱད་འབད་འཐབ་དང་། ཡིད་ཆེས་ཆེན་པོ། ཡར་རྒྱས་བརྩོན་ལེན་བཅས་ཀྱི་ཐོག་ནས་བོད་ཀྱི་ཉམས་འགྱུར་མངོན་ཡོད། 

                  བོད་ཀྱི་གཞོན་ནུ་ལུས་རྩལ་པས་བྲག་འཛེག་དང་། མཆོང་རྒྱུག་འཕེན་གསུམ། རྟ་རྩལ། སྦེ་ག གངས་ཤུད། ཐའེ་ཆོན་ཏའོ་དྲག་རྩལ་སོགས་རྣམ་གྲངས་12ཀྱི་འགྲན་བསྡུར་ཁྲོད་དུ། གསེར་གྱི་རྟགས་མ་10དང་། དངུལ་གྱི་རྟགས་མ་7 ཟངས་ཀྱི་རྟགས་མ་7བཅས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་འདུག

              གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་རྣམ་གྲངས་ཁྲོད་དུ། རང་ལྗོངས་ཀྱི་བདམས་ཐོན་པ་བཀྲ་ཤིས་ཚེ་རིང་གིས་སྨི་5000གི་འགྲན་བསྡུར་དང་སྨི་2000གི་འགག་སྒྲོལ་འགྲན་རྒྱུན་ནང་གསེར་གྱི་རྟགས་མ་བླངས་པས། རང་ལྗོངས་ཀྱི་གཞོན་ནུ་ལུས་རྩལ་པའི་མིག་དཔེར་གྱུར་ཡོད། བྲག་འཛེག་འགྲན་བསྡུར་ནང་། རང་ལྗོངས་ཀྱི་བདམས་ཐོན་པར་མྱུར་ཚད་མཐུད་རྒྱུག་འགྲན་བསྡུར་གྱི་ཚོགས་པའི་ཨང་དང་པོ་དང་དཀའ་ཚེགས་འགྲན་བསྡུར་ནང་མི་སྒེར་གྱི་ཨང་དང་པོའི་འབྲས་བཟང་ཐོབ་པ་མ་ཟད། བུད་མེད་ཀྱི་རང་མོས་སྦེ་གའི་ལུས་རྩལ་སློབ་གྲྭའི་ཚོགས་ཆུང་ཀ་པའི་ལྗིད་ཚད་སྤྱི་རྒྱ་53དང་59ཡི་འགྲན་བསྡུར་ནང་། མེ་ཏོག་ལྷ་སྐྱིད་དང་སྒྲོལ་མ་ལྷ་དཀར་ལ་གསེར་གྱི་རྟགས་མ་སོ་སོར་ཐོབ་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།