སྐྱིད་སྡུག་དང་ལེགས་ཉེས།

རྩོམ་པ་པོ།   དུས་ཚོད།   2019-08-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   ད་ལྟའི་འཚོ་བའི་ཁྲོད་དུ་རྒྱུ་ནོར་འཚོལ་བའི་བྱེད་ཐབས་སྣ་ཚོགས་ཡོད་ནའང་། ལུགས་དང་མི་མཐུན་པའི་རྒྱུ་ནོར་འཚོལ་ཐབས་ནི་བཅའ་ཁྲིམས་དང་འགལ་ནས་ནག་ཉེས་ཀྱི་ལམ་ལ་འགྲོ་བའི་ཉེན་ཁ་ཡོད།

             བཅའ་ཁྲིམས་དཔྱད་བརྗོད།

                   རྒྱལ་སྐུག་ཆ་རྐྱེན་འདོན་སྤྲོད་བྱས་པ་མིན་ཀྱང་། ཁེ་སྤོགས་ཟ་བ་དམིགས་ཡུལ་དུ་བཟུང་ནས་རྒྱལ་སྐུག་པ་བསྡུ་བའམ་རྒྱལ་སྐུག་ལས་རིགས་གཉེར་བ་དང་། མ་དངུལ་ཆེ་བའི་རྒྱལ་སྐུག་ནང་དུ་ཞུགས་པ་བཅས་ཀྱི་བྱ་སྤྱོད་ཚང་མ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བདུན་ཅུ་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་གསུམ་པའི་གཏན་འབེབས་དང་འགལ་ཡོད་པས། འོས་མཐུན་གྱི་བཅའ་ཁྲིམས་འགན་འཁུར་དགོས་ཤིང་།  བཀག་ཉར་དང་དངུལ་ཆད་བཅད་ཀྱང་ཆོག  གལ་ཏེ་ནག་ཉེས་སུ་བསླེབས་ཡོད་ཚེ་ཉེས་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་དགོས། 

བཅའ་ཁྲིམས་གཏན་འབེབས།

                《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བདུན་ཅུ་བའི་གཏན་འབེབས། ཁེ་སྤོག་ཟ་བ་དམིགས་ཡུལ་དུ་བཟུང་ནས། རྒྱལ་སྐུག་ཆ་རྐྱེན་འདོན་སྤྲོད་བྱེད་པའམ་མ་དངུལ་ཆེ་བའི་རྒྱལ་སྐུག་ནང་དུ་ཞུགས་ཚེ། ཉིན་ལྔ་མན་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ཚེ། ཉིན་བཅུ་ནས་བཅོ་ང་མན་གྱི་བཀག་ཉར་དང་སྒོར་ལྔ་བརྒྱ་ནས་སྟོང་གསུམ་མན་གྱི་དངུལ་ཆད་གཅོད་དགོས།

                《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་གསུམ་པའི་གཏན་འབེབས། ཁེ་སྤོག་ཟ་བ་དམིགས་ཡུལ་དུ་བཟུང་ནས། མི་ཚོགས་བསྡུས་ནས་རྒྱལ་སྐུག་པའམ་རྒྱལ་སྐུག་གི་བྱ་བ་གཉེར་མཁན་ལ། ལོ་གསུམ་མན་གྱི་དུས་བཙོན་དང་། བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་བྱེད་པ་དང་། དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ཚེ། ལོ་གསུམ་ཡན་གྱི་དུས་བཙོན་དང་། བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་བྱེད་པ་དང་། དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས། གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ཚེ། ལོ་གསུམ་ཡན་ནས་བཅུ་མན་གྱི་དུས་བཙོན་དང་། བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་བྱེད་པ་དང་། དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།