འཕྲིན་བསྐུར་རང་དབང་གི་ཐོབ་ཐང་།

​དགེ་རྒན་གྱིས་སློབ་མའི་བསམ་པའི་འཁྱེར་སོ་རྟོགས་པར་སྒེར་གྱི་འཕྲིན་ཡིག་ལ་བལྟ་ཆོག་གམ།

རྩོམ་པ་པོ།   དུས་ཚོད།   2019-08-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

【གྱོད་དཔེ།】

                             ཞིང་ཆེན་ག་གེ་མོའི་ཚན་རྩལ་སློབ་གྲྭའི་མཐོ་འབྲིང་ལོ་རིམ་གསུམ་པའི་དགེ་རྒན་ལྷག་བསམ་གྱིས། སློབ་མ་ཚོས་དགའ་རོགས་བསྒྲིགས་ན་སློབ་སྦྱོང་ལ་བར་ཆད་ཆེ་བར་བསམས་ཏེ། སློབ་མའི་འགྲོ་འཆག་ཉལ་འདུག་ལ་ལྟ་རྟོག་ནན་མོར་བྱས། དགེ་རྒན་ལྷག་བསམ་གྱིས་རྟག་པར། སློབ་མའི་བསམ་པའི་འཁྱེར་སོ་རྟོགས་པར་སློབ་མ་ཚོའི་འཕྲིན་ཡིག་ཁ་ཕྱེས་ནས་བལྟས་པར་མ་ཟད། ཐ་ན་འཕྲིན་ཡིག་བྱིངས་རང་གིས་སྦས་སྐུང་བྱས། དེས་ན། དགེ་རྒན་ལྷག་བསམ་གྱི་སྤྱོད་ལམ་ཁྲིམས་དང་མཐུན་ནམ།

【བཅའ་ཁྲིམས་དབྱེ་ཞིབ།】

                            དགེ་རྒན་ལྷག་བསམ་གྱི་སྤྱོད་ལམ་ཁྲིམས་དང་མི་མཐུན་ཏེ། སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་གི་ཐོབ་ཐང་རྡོག་བརྫིས་སུ་བཏང་། འཕྲིན་བསྐུར་ནི་མི་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འབྲེལ་འདྲིས་ཀྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། འཕྲིན་བསྐུར་རང་དབང་ནི་སྤྱི་དམངས་ཀྱི་རྩ་བའི་དམངས་གཙོའི་ཐོབ་ཐང་ཡིན། དེ་བས། རང་རྒྱལ་གྱི་རྩ་ཁྲིམས་སུ་སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་། འཕྲིན་བསྐུར་གསང་བ་སྲུང་དགོས་པ་བཀས་བཅད་ཡོད། འཕྲིན་ཡིག་སྦས་སྐུང་དང་མེར་བསྲེགས་པ། ཁྲིམས་དང་མི་མཐུན་པར་མི་གཞན་གྱི་འཕྲིན་ཡིག་ཁ་ཕྱེས་པ་ཚང་མ་སྤྱི་དམངས་ཀྱི་དམངས་གཙོའི་ཐོབ་ཐང་རྡོག་རོལ་ཏུ་བཏང་བ་ཡིན། དགེ་རྒན་ཡིན་ཡང་སློབ་མའི་འཕྲིན་ཡིག་ལ་བལྟ་བ་དང་སྦས་སྐུང་བྱེད་པའི་ཐོབ་ཐང་གཏན་ནས་མེད།

【བཅའ་ཁྲིམས་ཀྱི་ཤེས་བྱ།】

                         རྩ་ཁྲིམས་ཀྱི་དོན་ཚན་བཞི་བཅུ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་འཕྲིན་བསྐུར་གསང་བ་བསྲུང་དགོས་པ་བཀས་བཅད་ཡོད། རྒྱལ་ཁབ་ཕུང་ལ་སྦྱོར་བ་དང་མི་གསོད་རྟ་དེད་ཀྱི་ཉེས་དམིགས་གནམ་གྱིས་མི་ཤོང་བར་བྱུང་དུས། སྤྱི་བདེ་ལས་ཁུངས་སམ་ཞིབ་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་འཕྲིན་བསྐུར་ལ་ཞིབ་བཤེར་བྱེད་ཆོག་པ་ལས་གཞན། རྩ་འཛུགས་སམ་སྤྱི་སྒེར་སུས་གནས་ལུགས་ལ་ཁ་གཡར་ནས། སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་འཕྲིན་བསྐུར་གསང་བར་འཚེ་བའི་ཐོབ་ཐང་ཡེ་ནས་མེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།