ཁོ་ཚོ་གཡེར་མ་འཐོག་པའི་ལས་ལ་བྲེལ་ནས་འདུག

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-08-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                      ཉེ་བའི་ལོ་དུ་མའི་རིང་དུ། ཟུང་ཆུ་རྫོང་གིས་ས་གནས་རང་གི་གནམ་གཤིས་སོགས་ཀྱི་བབས་དང་བསྟུན་པའི་ལོ་ཏོག་འདེབས་འཛུགས་ཀྱི་བྱ་བཞག་གོང་དུ་འཕེལ་བར་སྐུལ་འདེད་བྱས་པས། ལོ་ཏོག་གི་ཐོན་སྐྱེད་སྔར་ལས་བཟང་པར་གྱུར། ཟླ་8པ་ནི་གཡེར་མ་སྨིན་པའི་དུས་ལ་འཁེལ་བས། མི་རྣམས་གཡེར་མ་འཐོག་པའི་ལས་སུ་བྲེལ་གྱིན་འདུག

                          སྟོན་ཀ་ནི་ལོ་འབྲས་གཡུར་དུ་ཟ་བའི་དུས་ཚུགས་ཡིན་པས། ཟུང་ཆུ་རྫོང་གི་ཡུལ་ལུང་ཀུན་ཏུ་གཡེར་མའི་བསུང་ངད་ཀྱིས་ཁྱབ་ནས་ཡོད་ལ། གནམ་གཤིས་བཟང་པོ་དང་བསྟུན་ནས་ཞིང་བ་རྣམས་ཀྱིས་གཡེར་མ་འཐོག་བཞིན་འདུག་ལ། ལམ་གྱི་གཞོགས་གཉིས་དང་། ཁང་བའི་རའི་ནང་སོགས་གང་སར་གཡེར་མ་ཉི་མར་ལྡེ་ནས་ཡོད་འདུག

                         ཟུང་ཆུ་རྫོང་གི་བཅིངས་འགྲོལ་སྡེ་བའི་སྡེ་དམངས་ཀྲོའུ་ཆེ་གེ་མོས། ཉིན་འདི་ཚོར་ང་ཚོས་མི་བརྒྱད་དགུ་ཞིག་གླས་ནས་གཡེར་མ་འཐོག་བཞིན་པའི་སྒང་ཡིན། ཉེ་བའི་ལོ་འདི་ཚོར་ཁྱིམ་ཚང་སོ་སོའི་་ཡོང་འབབ་ཡག་པོ་ཡོད། ང་ཚོའི་ཞིང་ནང་ལ་གཡེར་སྡོང་བརྒྱ་ལྷག་ཡོད་ལ་ན་ནིང་དེ་ལས་གཡེར་མ་སྒོར་ཁྲི་13གྱི་རིན་ཕྱིར་ཚོང་བྱས་ཡོད་ཅེས་བཤད།

                         ཟུང་ཆུ་རྫོང་ཀྲེན་ཕིང་ཡུལ་ཚོས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་གཙོ་བོར་བཟུང་སྟེ། ཡུལ་བབས་དང་བསྟུན་ནས་གཡེར་མའི་ཐོན་ལས་གོང་དུ་སྤེལ་བའི་ལས་སུ་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པས། ཐོན་ལས་གཉེར་ཏེ་ཕྱུག་པོར་འགྱུར་བའི་དམིགས་ཡུལ་མངོན་འགྱུར་བྱུང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།