ཝུན་འབར་མྱུར་བགྲོད་གཞུང་ལམ་ལ་ སྒོར་དུང་ཕྱུར་16.28བཏང་ཟིན།

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                    རྔ་བའི་གསར་འགྱུར་དྲ་བའི་འཕྲིན།།  ཟླ་8ཚེས་5ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར་16.28བཏང་ཟིན་པ་དེས་འགྲིམ་འགྲུལ་དངུལ་གཏོང་ཚོགས་པས་གནང་བའི་ལོ་ཧྲིལ་བོར་སྒོར་དུང་ཕྱུར་22ཙམ་གཏོང་བའི་དམིགས་འབེན་གྱི་བརྒྱ་ཆ་73.98ཟིན། གཞུང་ལམ་འདི་སྐྲུན་མགོ་ཚུགས་པ་ནས་བཟུང་སྔ་ཕྱིར་སྡོམ་རྩིས་བྱས་ན་སྒོར་དུང་ཕྱུར་251.06བཏང་ཟིན་པ་དེས་རྣམ་གྲངས་ཀྱི་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར་287གྱི་བརྒྱ་ཆ་78.45ཟིན།

                   རྒྱུས་ལོན་པ་ལྟར་ན། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་གཞི་ཚང་མ་དང་ཟམ་པ་ཚང་མ་བསྐྲུན་ཚར་ཡོད་ལ། ཕུག་ལམ་བརྒྱ་ཆ་96ཙམ་དང་ལམ་ངོས་བརྒྱ་ཆ་75.5ཙམ་བསྐྲུན་ཟིན་ནོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།