འོམ་ཐང་མཛེས་ལྗོངས་ཁུལ་གྱིས་ལྗོངས་རྒྱུ་བ་མང་པོའི་ཡིད་དབང་བཀུག

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ལོ་རེའི་ཟླ་6པའི་ཟླ་སྟོད་ནས་ཟླ་8པའི་ཟླ་མཇུག་གི་བར་དུ། ཧུང་ཡོན་རྫོང་གི་འོམ་ཐང་དུ་རྣམ་པར་བཀྲ་བའི་མེ་ཏོག་བཞད་ཡོད་པས། རྒྱ་ཆེའི་ལྗོངས་རྒྱུ་བ་ཚོས་ཆེས་མཛེས་པའི་རྩྭ་ཐང་ཞེས་འབོད།

           ཉེ་བའི་ལོ་ཤས་རིང་། འོམ་ཐང་མཛེས་ལྗོངས་ཁུལ་གྱིས་རང་ངོས་འཕེལ་རྒྱས་དང་འཚམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཤིང་། མཛེས་ལྗོངས་ཁུལ་ནང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཏུ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཚད་ཉུང་དུ་བཏང་། 2016ལོར་མཛེས་ལྗོངས་ཁུལ་གྱིས་རླངས་འཁོར་འཇོག་ས་དང་ལྗོངས་ཁུལ་གྱི་གཞུང་ལམ། ལྗོངས་རྒྱུ་བའི་ལྟེ་གནས། ལྗོངས་སྐོར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལེགས་པར་གྲུབ་ཅིང་། མེ་ཏོག་དང་རྩྭ། སྡོང་ཕྲན་ལྗོན་ཤིང་། སྡོང་རིང་ལྗོན་ཤིང་སོགས་བཙུགས་པར་མ་ཟད། ལྗོངས་ཁུལ་གྱི་འཚོ་བའི་གད་སྙིགས་ངེས་གཏན་ཡུལ་དུ་སྤུངས་པ་དང་གཅིག་སྡུད་ཀྱིས་གཙང་སེལ་བྱས་ཤིང་། རྒྱུན་མཐུད་ཀྱིས་འཚོལ་ཞིབ་དང་ལག་བསྟར་བྱས་པས། མིག་སྔར་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་བཟང་པོ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་ལྗོངས་རྒྱུ་བ་མང་པོའི་ཡིད་དབང་བཀུག་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།