མཛོད་དགེ་རྫོང་གི་གཟའ་རུ་ཡུལ་ཚོས་འབྲི་ཏ་ས་འཛིན་ཚོད་འདེབས་བྱས་ནས་ལོ་ལེགས་བྱུང་།

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བའི་འཕྲིན།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ད་ལོར་མཛོད་དགེ་རྫོང་གི་གཟའ་རུ་ཡུལ་ཚོས་འབྲི་ཏ་ས་འཛིན་ཚོད་འདེབས་བྱས་ནས་ལོ་ལེགས་བྱུང་། སྔོན་ཆད་གཟའ་རུ་ཡུལ་ཚོས་ནས་དང་སྔོ་ཚལ་སོགས་ཞིང་ལས་ལོ་ཏོག་བཏབ་ཡོད། ད་ལོའི་ཟླ་3པར་ཏའེ་དབྱང་གྲོང་ཁྱེར་གྱིས་སྒོར་ཁྲི་གསུམ་བཏང་ནས། འབྲི་ཏ་ས་འཛིན་གྱི་ས་བོན་ཉོས་པར་མ་ཟད། ཞིང་ལས་མཁས་པ་གདན་དྲངས་ནས་འབྲི་ཏ་ས་འཛིན་འདེབས་ཐབས་འཆད་ཁྲིད་བྱས་ཤིང་། ཟླ་འགའི་རིང་ཚོད་འདེབས་བྱས་པ་བརྒྱུད། ད་ལོའི་ཟླ་6པར་སྤྱིལ་བུར་བཏབ་པའི་འབྲི་ཏ་ས་འཛིན་གྱི་འབྲས་བུ་ཐོགས་པ་དང་། གཟའ་འཁོར་རེར་འབྲི་ཏ་ས་འཛིན་ཐེངས་གཅིག་འཐོག་ཐུབ་པ་དང་ཐེངས་རེར་འབྲི་ཏ་ས་འཛིན་རྒྱ་མ་བཅུ་ལྷག་ཡོད་པས། ཡོང་འབབ་སྒོར་1000ལྷག་ཏུ་བསླེབས་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།