སྣ་མང་ཕུན་སུམ་ཚོགས་པའི་ཛམ་བྷ་ལའི་དུས་སྟོན།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2019-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཟླ་བརྒྱད་པའི་ཚེས་11ཉིན། 2019ལོའི་ཛམ་བྷ་ལའི་དུས་སྟོན་གྱི་བྱེད་སྒོ་ལས། རྩྭ་ཐང་གི་གདོད་མའི་རིག་གནས་འགྲེམ་སྟོན་དང་དེར་མྱོང་རོལ་བྱེད་པའི་བྱེད་སྒོ་འཛམ་ཐང་རྫོང་འཛམ་ཐང་ཡུལ་ཚོའི་ཛམ་བྷ་ལའི་རྫ་བཟོའི་བརྒྱུད་སྦྱོང་ཁང་ནས་སྤེལ།

                 བྱེད་སྒོར་སླེབས་པའི་ལྗོངས་སྐོར་བ་དག་གིས་རྩྭ་ཐང་གི་གདོད་མའི་རིག་གནས་ཏེ། གུར་ཕིབས་པ་དང་འོ་མ་འཇོ་བ། རྟ་བཞོན་པ་སོགས་ལ་མྱོང་རོལ་བྱས།

                     རྩྭ་ཐང་གི་ཐུན་མིན་རིག་གནས་ཀྱིས་ལྗོངས་སྐོར་བ་དག་གི་བློ་ཡིད་རབ་ཏུ་མགུ་ཞིང་ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མཛེས་པས་ཁོང་ཚོ་བཟི་བར་བྱས།

                བྱེད་སྒོའི་སྟེང་དུ། ཛམ་བྷ་ལའི་རྫ་བཟོའི་བརྒྱུད་སྦྱོང་ཁང་གི་སློབ་བཞི་བཅུས་རང་ཉིད་ཀྱིས་རེ་ཞིང་སྒུག་པའི་མཐར་ཕྱིན་དཔང་ཡིག་ལག་སོན་བྱུང་།

ཆེས་ཐོག་མའི་ཛམ་བྷ་ལའི་རྫ་བཟོའི་བརྒྱུད་སྦྱོང་ཁང་གི་སློབ་པའི་མཐར་ཕྱིན་མཛད་སྒོ།

                       ཛམ་བྷ་ལའི་སྒྱུ་རྩལ་ཚོགས་པ་དང་ཛམ་བྷ་ལའི་རྫ་བཟོའི་བརྒྱུད་སྦྱོང་ཁང་གི་སློབ་བུ་ཚོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱིས་རྩྭ་ཐང་གི་ལྷིང་འཇགས་རབ་ཏུ་དཀྲོགས།

                       ཐེངས་འདིའི་བྱེད་སྒོས། འཛམ་ཐང་རྫོང་གི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀུན་གྱི་མིག་གི་དགའ་སྟོན་དུ་བཤམས་ཤིང་། ཕྱོགས་ཡོངས་ནས་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་མངའ་བའི་ཛམ་བྷ་ལའི་རིག་གནས་ངོ་སྤྲད་དེ། དག་ཞིང་ཛམ་བྷ་ལ་མི་ཡུལ་གྱི་ཟས་སུ་ཕུལ་ལོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།