གསེར་ཉའི་ཆུ་མགོ།

རྩོམ་པ་པོ།   དུས་ཚོད།   2019-08-12   རྩོམ་ཁུངས།    ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།

  

ཆགས་དབྱིབས་དང་རྣམ་པ།  

              ཤར་ཕྱོགས་སུ་ལྡིང་གི་ལྷ་རི་རྒྱལ་མོ་དང་མདུན་ལུང་སྨན་ཆུ།  ལྷོ་ཕྱོགས་སུ་བང་ཤིང་ཐོད་དང་བྲག་ཤུར་གོང་འགབ།  སྐྱེ་ལུང་གོང་འགབ།  ལྷོ་ནུབ་ཕྱོགས་ནས་སྐ་ཁོག་བརྒྱུད་དེ་སྟག་རྩེའི་གནས་རི་མཐོང་ཐུབ།  ནུབ་ཏུ་བོའུ་ཁྱིའི་རི་རྒྱུད་དང་བྱང་ཕྱོགས་སུ་གསེར་ཉའི་འོ་ལུ་ཞེས་བོའུ་ཁྱིའི་རི་རྒྱུད་ཀྱི་ལུང་ཁུག་ས་དཔྱད་ལེགས་པོ་ཞིག་མཐོང་ཐུབ། བྱང་ཤར་དུ་བོའུ་ཁྱིའི་སྣ་ནག་རིལ་སོགས་ཀྱིས་བསྐོར་ནས་ཡོད་པའི་ཆུ་མགོ་ཞིག་ཡིན།  ཆུ་མགོ་འདི་དབྱར་བསིལ་བ་དང་དགུན་དྲོ་བའི་ཁྱད་ཆོས་ཡོད།  

གསུམ། ངག་རྒྱུན།

            1ངག་རྒྱུན་ལ་གསེར་ཉའི་ཆུ་མགོ་དང་བོའི་ཁྱིའི་མཚོ་ཕྲེང་གཉིས་ནི་རྟིང་འབྲེལ་ནས་ཡོད་པ་དང་།  ཨ་ལགས་སྒང་བ་ཚང་སྐུ་གོང་མས་གསེར་ཉའི་ཆུ་མགོའི་ནང་དུ་འོ་མ་བླུགས་པ་བོའི་ཁྱིའི་མཚོ་ཕྲེང་ནས་བུད་པར་བཤད།  དེ་མིན་གསེར་ཉའི་ཆུ་མགོ་ནས་བུམ་གཏེར་འཕང་ན་བོའི་ཁྱིའི་མཚོ་ཕྲེང་ནས་འབུད་པའི་བཤད་སྲོལ་ཡོད། གསེར་ཉའི་ཆུ་མགོའི་ནང་གི་ཉ་རིགས་ནི་གཞན་དང་མི་འདྲ་བར་ཁ་དོག་སེར་པོ་དང་ལྗང་ཁུ་སོགས་ཡིན་རབས་ཡོད། 

            2འུ་ཁྱི་ནི་སྔོན་སྟག་རྩེའི་གནས་རི་དེང་གི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་སོག་རྫོང་གི་ཀླུའི་ཆབ་རག(དེང་གི་གསེར་ལུང་སྡེ་བའི་མངའ་ཁོངས)ནས་བྲོས་ཡོང་སྐབས་བོའུ་དང་རྔོན་ཁྱི་ཤུལ་དུ་ལུས་སོང་བ་ཡིན་པར་བཤད། སྤྱིར་བོའུ་ཁྱིའི་ས་ཧ་ཅང་གཉན་པོ་ཞིག་ཡིན་ཟེར།  བོའུ་ཁྱི་ནི་ས་ཁེར་ཆད་ཅིག་ཡིན་པ་དང་སྟོད་གཙང་གི་ཕྱོགས་ནས་ཁྲིད་ནས་ཡོང་བ་དང་ཧུང་ཡོན་རྫོང་མཁར་གྱི་ནུབ་ཕྱོགས་སུ་ཡོད་པའི་ས་ལོ(དེང་གི་ཟླ་ཚེ་ཁུག་པ)ཡང་དེའི་གྲས་ཀྱི་གཅིག་ཡིན་པའི་ས་བཤད་བྱེད་སྲོལ་ཡོད།  

བཞི།ས་གནས། 

           ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་ལྷོ་ནུབ་མཚམས་སུ་སྤྱི་ལེ༤ལྷག་སོང་ན་ལམ་གྱི་གཡོན་ཕྱོགས་སུ་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།