རིན་མི་དགོས་པའི་གསོ་སྦྱོང་གིས་གཞོན་པའི་ཡོན་ཚད་མཐོ་རུ་བཏེགས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-08-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                      མཛོད་དགེ་རྫོང་གི་གཞོན་རབས་པའི་རིག་གནས་ཀྱི་ཆུ་ཚད་དང་ལས་ཞུགས་བྱ་བའི་ཚད་མཐོ་རུ་གདེག་ཆེད། མཛོད་དགེ་རྫོང་ཀྲུང་གུང་ཚོགས་ཨུས་ཀྲུང་ཀུང་སློབ་གསོ་དང་ཧྭ་ཐུའུ་སློབ་གསོ་གཉིས་དང་མཉམ་འབྲེལ་བྱས་ཏེ། ཟླ་8ཚེས་5ནས་ཚེས་11བར་གྱི་ཉིན་7་གྱི་རིང་དུ་ལས་ཞུགས་དང་འབྲེལ་བའི་རྒྱུགས་ཀྱི་སྐོར་རིན་མེད་གསོ་སྦྱོང་བྱེད་ཀྱིན་འདུག

              ཐེངས་འདིའི་སྤྱི་ཕན་གསོ་སྦྱོང་དུ་གཞུང་ཞབས་པའི་རྒྱུགས་ཚན་ཁག་དམིགས་སུ་བཟུང་སྟེ་གསོ་སྦྱོང་བྱེད་ཀྱིན་འདུག་པས། དེ་ཡིས་རྫོང་དེའི་གཞོན་རབས་པ་རྣམས་ཡུལ་གཞན་དུ་ལས་ཞུགས་ཀྱི་རྒྱུགས་དང་འབྲེལ་བའི་གསོ་སྦྱོང་ལ་འགྲོ་དགོས་པའི་དཀའ་ངལ་བསལ་ཏེ། རང་ཡུལ་ནས་ཆེད་ལས་ཀྱི་གསོ་སྦྱོང་དགེ་རྒན་གྱི་དྲུང་ནས་སློབ་སྦྱོང་བྱེད་ཐུབ་ཀྱིན་འདུག་པས། འབྲེལ་ཡོད་ཀྱི་དཀའ་ཁག་མེད་པར་བྱས།

                 སློབ་མཐར་ཕྱིན་ལ་ཉེ་བའི་སློབ་གྲོགས་ཞུས་ཐིང་གིས། ཕ་ཡུལ་ནས་འདི་འདྲ་བའི་གསོ་སྦྱོང་གི་སྐལ་བ་བཟང་པོ་དང་འཕྲད་པས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། གསོ་སྦྱོང་འདི་ལས་ང་ཚོས་ཤེས་བྱ་མང་པོ་བསླབས་ཐུབ་ཡོད་ཅེས་བཤད། གསོ་སྦྱོང་འདི་ལས་དེར་ཞུགས་ཀྱི་སློབ་གྲོགས་ཚོ་ལ་མ་འོངས་པའི་ལས་ཞུགས་ཀྱི་ཁ་ཕྱོགས་ཡག་པོ་བསྟན་པ་དང་། རྒྱུགས་དང་འབྲེལ་བའི་ཤེས་བྱ་གལ་ཆེན་མང་པོ་འཁྲིད་བཞིན་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།