ཕོ་སར་རྫིག་ཉམས་ཆེ། མོ་སར་བྱད་གཟུགས་ཡག

ཛམ་བྷ་ལའི་ཕོ་སར་དང་མོ་སར་དཔྱད་འདེམས།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2019-08-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               དབྱར་དུས་ཀྱི་འཛམ་ཐང་ནི་མི་ཡུལ་གྱི་དག་ཞིང་ཇི་བཞིན་ཕྲ་ཚོམ་མེ་ཏོག་སྣ་ཚོགས་ལྷན་ནེ་ལྷན་མེར་བཞད་ཅིང་།  ཡོད་འོངས་གྲེ་འགྱུར་སྙན་པའི་ཁུ་བྱུག་དང་། རི་བོ་དག་གི་སུལ་ནས་འབབ་པའི་རྫ་ཆུ་དྭངས་མོས་སྐད་སྙན་ཡང་ཡང་སྒྲོག་བཞིན་གདའ། 

              ཟླ་8པའི་ཚེས་9ཉིན། མུ་མཐུད་ཛམ་བྷ་ལའི་དུས་སྟོན་ཏེ། བརྩོན་པའི་ལམ་གྱི་ཛམ་བྷ་ལ། ང་རང་ཕ་གཞིས་དྲོན་མོར་དགའ། ཞེས་པའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པར་སེམས་ཀྱིས་མྱངས་ཤིང་། ལྟད་མོ་བ་ཀུན་ལ་དགའ་བ་དང་སྤྲོ་བ་དཔག་མེད་སྟེར་བར་བྱས། 

༄། ན་ཆུང་བྱིས་པའི་ཉམས་འགྱུར། 

            ལུས་ལ་བོད་རིགས་ཀྱི་རྒྱན་གོས་བགོས་པའི་ཛམ་བྷ་ལའི་བུ་ཆུང་ནོར་བུ་འདྲ་བ་དག་དང་། བུ་མོ་ཆུང་ཆུང་མེ་ཏོག་འདྲ་བ་དག་གིས་ཛམ་བྷ་ལའི་དུས་སྟོན་ལ་སྔར་མེད་ཀྱི་ཉམས་སྣང་གསར་བ་བྱིན་ཅིང་། ན་ཆུང་དེ་དག་གི་ལྷད་པ་མེད་པའི་འཛུམ་མདངས་རེ་རེས་མི་སེམས་ལ་ཆོག་མེད་ཀྱི་དགའ་བ་སྟེར་ཨང་།

ཕོ་སར་རྫིག་ཉམས་ཆེ། མོ་སར་བྱད་གཟུགས་ཡག  

                 འདི་ལྟར་ཛམ་བྷ་ལའི་ཕོ་སར་དང་མོ་སར་གྱི་དཔྱད་འདེམས་དངོས་སུ་མགོ་བརྩམས་ཤིང་། ཆ་ལུགས་ཆས་གོས་ཀྱི་རྒྱན་བཟང་ལུས་ལ་དཀྲིས་པའི་ཕོ་སར་སྟག་འདྲ་གཟིག་འདྲ་དང་། སྨན་ཤར་སེང་ལྕམ་འབྲུག་མོ་དང་འདྲ་བ་བརྒྱ་ཕྲག་ཙམ་གྱི་འགྱིང་ཉམས་གར་སྟེགས་སུ་ཐོན། ཁོ་ཚོའི་སྒེག་བརྒྱ་རྫོགས་པའི་ཉམས་དང་འགྱུར་བས་ལྟད་མོ་བ་རྣམས་ལ་ཛམ་བྷ་ལའི་རྒྱན་གོས་ཀྱི་མཛེས་པ་དང་། ཛམ་བྷ་ལའི་ཕོ་ཉམས་དང་མོ་ཉམས་ཀྱི་མཛེས་པ་ཡང་ཡང་ངོམ། 

ཕོ་སར་དང་མོ་སར་དག་ལ་ཆོག་པ་མེད་པར་ལྟོས་ཨང་།   









              མཐར་དྲང་མོ་དྲང་གཞག་གིས་དཔྱད་འདེམས་བྱས་པར་བརྟེན། ཛམ་བྷ་ལའི་ཕོ་སར་དང་། ཛམ་བྷ་ལའི་མོ་སར་ཉེར་ལྔ་རྟིང་རྩོད་དུ་ཞུགས་ཐུབ་པར་གྱུར་ལ།  ཆེས་མཐའ་མཇུག་གི་རྟིང་རྩོད་ཟླ་༩པར་དྲྭ་ལམ་ནས་སྤེལ་འཆར་ཡིན་འདུག 

གླུ་བ་དང་གླུ་མ་སོགས་ཀྱི་ཉམས་འགྱུར། 

             དཔྱད་འདེམས་ཀྱི་བར་སྐབས་དག་ཏུ། འཛམ་ཐང་རང་ས་ནས་འོངས་པའི་གླུ་བ་དང་གླུ་མ་དག་གིས་སྙན་པའི་གླུ་བླངས་ཤིང་། འཛམ་ཐང་རང་ས་ནས་འོངས་པའི་བྲོ་བ་དང་བྲོ་མ་དག་གིས་མཛེས་པའི་གར་ཀྱང་འཁྲབ། 

བྱེད་སྒོ་དང་མང་ཚོགས། ད་རུང་གཞན་དག  

               བྱེད་སྒོ་འདི་དག་མང་ཚོགས་རྣམས་དང་ཤིན་ཏུ་ཁ་ཐག་ཉེ་ལ། ཁོ་ཚོས་ལྟ་བྲོ་ལ་ཉན་འདོད་པ་དག་ཏུ་མ་ཟད། དབུལ་བྲལ་ཕྱུག་འགྱུར་དང་། འབྱོར་འབྲིང་བདེ་སྐྱིདཀྱི་འཚོ་བར་བསྙེག་འདོད་སྔར་བས་ཆེ་བར་གྱུར་ལ། འཛམ་ཐང་མི་དམངས་ཀྱི་མཐུན་སྒྲིལ་དང་། འཛམ་ཐང་མི་དམངས་ཀྱི་བརྩོན་པ། འཛམ་ཐང་མི་དམངས་ཀྱི་སྟོབས་ཤུགས་བཅས་སྔར་མེད་ཀྱི་བཀྲག་མདངས་གསར་བ་མངོན་ཏོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།