དགའ་ཕྱོགས་ཡོད་ན་ཕུགས་བསམ་ལྡན་པས། དགའ་ཕྱོགས་ཀྱིས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ།

རྩོམ་པ་པོ།   དུས་ཚོད།   2019-08-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཀྲོའུ་ལིའི་ཕ་ཡུལ་ནི་ཨན་ཀྲོའུ་ནས་ཡིན་པ་དང་ཟུང་ཆུ་རུ་སྐྱེས།ད་ལྟ་རྔ་བ་ཁུལ་དུ་བྱ་བ་སྒྲུབ་བཞིན་ཡོད།ཀྲུང་གོའི་དམངས་སྲོལ་པར་ལེན་མཁས་དབང་མཐུན་ཚོགས་ཀྱི་ཚོགས་མི་དང་སི་ཁྲོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་མི་རིགས་རིག་གནས་གཟུགས་བརྙན་སྒྱུ་རྩལ་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་དང་།རྔ་བ་ཁུལ་གྱི་བརྙན་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི།རྔ་བ་ཁུལ་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་ཡིན།མི་སྣ་གྲགས་ཅན་མང་པོར་པར་བླངས་མྱངས།ཁོའི་བརྙན་ལེན་བརྩམས་ཆོས་དང་གསར་འགྱུར།དཔྱད་རྩོམ་མང་པོ《ཞིན་ཧྭ་ཉིན་རེའི་ཚགས་པར།》དང《མི་དམངས་ཉིན་རེའི་ཚགས་པར།》སོགས་སུ་བཀོད་ཡོད།སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི“ལས་རིགས་སློབ་གསོ་ཤེས་ལྡན་དཔེ་མཚོན་མི་སྣ”ལ་བདམས་ཤིང་།སྐབས་དྲུག་པའི་རྔ་བ་ཁུལ་གྱི་“ཕུལ་དུ་བྱུང་བའི་ན་གཞོན་”དང“ཕུལ་དུ་བྱུང་བའི་སློབ་ཐོན་སློབ་མ”།“ཕུལ་བྱུང་མི་སྣ”སོགས་ཀྱི་གཟི་བརྗིད་མཚན་སྙན་བསྩལ།བརྩམས་ཆོས་ལ《དམུ་དགེ་ནས་དམར་དམག་རྒྱང་སྐྱོད་ཀྱི་ཤིང་བྲིས་གཡར་ཡིག་རྙེད་པ》ཞེས་པར་“སི་ཁྲོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་དྲིལ་བསྒྲགས་གསར་འགྱུར་གྱི་བྱ་དགའ་སྟེ་ཚགས་དེབ་རིགས་ཀྱི་བྱ་དགའ་ཨང་གཉིས་པ”ཐོབ།

རྨོ་འདེབས་མཁན་གྱི་པར་རིས།

   ཀྲོའུ་ལི་ཡི་པར་རིས་བདམས་བཀོད།

                ཀྲོའུ་ལི་ཡིས་རང་གི་བྲེལ་ཟིང་ཆེ་བའི་བྱ་བའི་བར་གསེང་ནས་པར་ལེན་སྒྱུ་རྩལ་གྱི་དགའ་ཕྱོགས་རྒྱུན་བསྐྱངས་པའི་འབྲས་རྟགས་སུ《རྨོ་འདེབས་མཁན་གྱི་པར་རིས》པར་བསྐྲུན་བྱེད་ཐུབ་བྱུང་། ཁོའི་མི་ཚེའི་བྱ་བའི་བརྒྱུད་རིམ་རིང་མོའི་ཁྲོད་དུ་པར་ལེན་པ་ནི་ཉིན་རེའི་བྱ་བ་དང་ཁ་འབྲལ་དུ་མེད་པའི་འཚོ་བའི་བློ་སྦྱོང་ཞིག་ཡིན་ཞེས་བཤད་ཆོག་སྟེ། ཁོ་འབྲིང་རིམ་སློབ་མཐར་ཕྱིན་རྗེས་ཟུང་ཆུ་རྫོང་གི་དམུ་དགེ་རུ་ལས་བགོས་བྱས། ཡུལ་དེ་རུ་ལོ་བཞིའི་རིང་དུ་དཀའ་སྤྱད་འབད་བརྩོན་དང་བློ་རྩེ་གཅིག་སྒྲིམ་གྱིས་གོང་རིམ་འགོ་ཁྲིད་ཀྱི་བཀའ་བཀོད་དང་དུ་བླངས་ནས་ཕྱུགས་སྨན་གྱི་བྱ་བའི་ཐད་མི་དམངས་ལ་ཞབས་འདེགས་ཞུས།སྐབས་དེར་ཡང་བྱ་བར་བྲེལ་བ་ཆེ་ཞིང་ལས་ཀའི་འགན་ལྕི་ན་ཡང་ཁོས་པར་ལེན་སྒྱུ་རྩལ་གྱི་སློབ་སྦྱོང་ལ་མཚམས་འེན་ཙམ་ཡང་བཞག་མ་མྱངས་པར་མ་ཟད།ལས་ཀའི་ཞོར་དུ་ཉིན་རེར་རང་ཉིད་ཀྱི་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་པ་ལྷོད་མེད་གནང་། དུས་དེ་ནས་བཟུང་ཁོའི་པར་ལེན་པའི་དགའ་ཕྱོགས་ལ་ཀུན་གྱིས་ངོས་ཟིན་ཐོབ་པས་དགའ་ཕྱོགས་འདི་ཡང་གྲུབ་འབྲས་ཡོད་ཅིང་མི་ཚེའི་ཕུགས་བསམ་རིགས་ཤིག་ཏུ་གྱུར།

                 ཁོས་རང་ཉིད་ཀྱི་ད་ལྟའི་དགའ་ཕྱོགས་འདིར་ཕྱིར་དྲན་བྱྱས་ན། ཁོ་ཡང་ད་ལྟའི་ན་གཞོན་མང་པོ་ཞིག་གིས་ལག་ཏུ་ཁ་པར་མ་བཟུང་ན་འདུག་ཐབས་བྲལ་བའི་ཚུལ་ལྟར་གནས་གང་དུ་སོང་ཡང་པར་ཆས་མ་ཁྱེར་ན་ག་ཤེད་ཅིག་ནས་བདེ་བོ་མི་འདུག་ཟེར། པར་ལེན་སྒྱུ་རྩལ་ལ་མོས་པའི་དབང་གིས་པར་ཆས་དང་ཁོ་གཉིས་བར་དུ་ཡང་འབྲལ་མེད་ཀྱི་མཛའ་བརྩེ་ལྷད་མེད་པ་ཆགས་ཡོད། ཡིད་དབང་འགུག་པའི་བྱ་དངོས་གང་ཞིག་མཐོང་མ་ཐག་མྱུར་དུ་པར་ཆས་ལེན་པ་ནི་ཀྲོའུ་ལི་ཡི་གོམས་སྲོལ་དུ་ཆགས་ཡོད་པས། མི་སུ་ཞིག་ཡིན་ཡང་ངང་ཚུལ་འདི་མཐོང་ཡོང་དུས་སེམས་སུ་ལས་བརྩི་དང་ལས་བཀུར་ཞེས་པ་ཡང་སྙིང་ཅི་ལྟ་བུ་ཞིག་ཡིན་མིན་གསལ་བོར་རྟོགས་ཡོང་། འདི་ལྟར་ཀྲོའུ་ལི་ཡིས་རང་གི་དགའ་ཕྱོགས་དེ་མི་ཚེའི་ཕུགས་བསམ་མངོན་འགྱུར་གྱི་ཐབས་དམ་པར་ངོས་འཛིན་ཡང་བྱེད་བཞིན་ཡོད་པས། ཁོའི་ངོ་ཤེས་གྲོགས་པོ་ཀུན་གྱིས་ཁོའི་དགའ་ཕྱོགས་འདིར་བསྟོད་པའི་མཐེ་བོང་སྒྲེང་བཞིན་སྐུལ་ལྕག་ཡང་བྱེད་བཞིན་མཆིས་སོ།།

              ལྷིང་འཇགས་སུ་གནས་པའི་རང་བྱུང་མཛེས་ལྗོངས་དང་།གནའ་བོའི་མཚར་སྡུག་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས།བརྗིད་ཉམས་ལྡན་པའི་དམར་དམག་རྒྱང་སྐྱོད་ཀྱི་ལམ་བུ་བཅས་ནི་པར་ལེན་མཁན་ཚང་མའི་གསར་རྩོམ་གྱི་འབྱུང་ཁུངས་ཡིན་པས། ཀྲོའུ་ལི་ཡིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཤིང་།ང་རྒྱལ་དང་འཚབ་འཚུབ་གཏན་ནས་མི་བྱེད་པར་ལས་ཀ་གང་བྱེད་ཀྱང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་པར་ལེན་གྱི་རྟོགས་པ་དང་བློ་སྦྱོང་ཇེ་ལེགས་སུ་བཏང་བ་འདིས།ཡང་བསྐྱར་ཁོའི་བརྩམས་ཆོས་མྱོང་རོལ་མཁན་དག་ལ་དགའ་ཕྱོགས་ཡོད་ན་ད་གཟོད་ཕུགས་བསམ་ཡོད་པའི་གསལ་འདེབས་ཀྱང་གནང་གིན་ཡོད་དོ།

                  ཀྲོའུ་ལིས་བསམ་གཞིག་གཏོང་ཞོར་བཤད་རྒྱུར། ང་ནི་རྔ་བར་ནས་འཚར་ལོངས་བྱུང་བའི་རྔ་བའི་བུ་ཕྲུག་ཅིག་ཡིན་པས། རྔ་བའི་འཕེལ་རྒྱས་ཀྱི་འཕོ་འགྱུར་གྱིས་ངའི་པར་ལེན་སྒྱུ་རྩལ་གྱི་ཆུ་ཚད་དང་སློབ་སྦྱོང་ལ་རེ་བ་གསར་བ་རེ་བཏོན་ཡོད་པས། པར་ཆས་ལག་ཏུ་མེད་པའི་དུས་ཚོད་ནི་དངོས་གནས་འཁྱོལ་ཐབས་མི་འདུག མ་འོངས་པར་ཡང་རྗེས་རབས་པར་ད་ལྟའི་སྤྱི་ཚོགས་དང་དུས་རབས་ཀྱི་ངོ་གདོང་མངོན་པར་གསལ་བའི་སྣང་བརྙན་མང་པོ་པར་དུ་གདབ་ཐུབ་ན་བསམས་ཡོད་པས། དེ་དོན་འགྲུབ་པའི་ཡིད་ཆེས་དང་རེ་བ་རྒྱག་གིན་ཡོད། གང་ལྟར་པར་ལེན་སྒྱུ་རྩལ་གྱི་ལས་ཞོར་འདི་རྒྱུན་བསྐྱངས་པའི་གོ་རིམ་དུ་དགའ་ཕྱོགས་ཀྱིས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་ངེས་ཤེས་རྙེད་སོང་ཟེར།

                 རྨོ་འདེབས་མཁན་གྱི་པར་རིས་ལས་ས་མཐོའི་དུས་བཞིའི་འགྱུར་ལྡོག་ཁྲོད་རྣང་ཞིང་གི་ཞིང་ཚིགས་སུ་འཛུམ་དམུལ་དམུལ་གྱིས་བཞད་པའི་ངོ་གདོང་མང་པོའི་རྔུལ་ཆུ་གསལ་ལེར་བཀྲམ་ཡོད་ལ། དེ་དག་གི་རྔུལ་ཆུའི་རྒྱུན་དང་འགྲོགས་པའི་ལོ་རྒྱུས་ཀྱི་གསང་བ་མང་པོ་ཡང་ཤེས་འདོད་ཅན་ལ་ཁུ་སིམ་སིམ་གྱིས་བརྗོད་ཡོད་དེ། བོད་ཆའང་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་བའི་བརྩིགས་བཟོ་དང་ཞབས་བྲོ། དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་མང་པོ། ཧའེ་རིགས་ཀྱི་ཆོས་ལུགས་བྱེད་སྒོའི་སྣང་བརྙན། ལོ་རྒྱུས་ཀྱི་དྲན་པ་གསོ་བའི་རྟེན་མང་པོ་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།