གཉན་པོ་གཡུ་རྩེ་རྟགས་མའི་ལྒང་རྩེད་འགྲན་སྡུར་མཇུག་རྫོགས།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2019-08-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཟླ་8ཚེས་2ཉིན། གཉན་པོ་གཡུ་རྩེ་རྟགས་མའི་སི་ཁྲོན་དང་མཚོ་སྔོན་ཀན་སུའུ་ཞིང་ཆེན་གསུམ་གྱི་ལྒང་རྩེད་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་ཡོངས་སུ་མཇུག་རྫོགས།

                 ཐེངས་འདིའི་ལྒང་རྩེད་འགྲན་སྡུར་ལ་རྔ་བ་ཁུལ་གྱི་རྫོང་(གྲོང་ཁྱེར)12དང་། སི་ཁྲོན་དང་དཀར་མཛེས། མཚོ་སྔོན། ཀན་སུའུ་བཅས་ནས་ཡོང་བའི་འགྲན་ཞུགས་རུ་ཁག་20ཡོད།

                འགྲན་སྡུར་དྲང་བདེན་ཡོང་ཆེད། སི་ཁྲོན་དང་རྔ་བ་ཁུལ་ལུས་རྩལ་སྡེ་ཁག་གིས་རྔ་བ་རྫོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཞིང་ཆེན་དང་ཁུལ་ནང་ནས་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཆེད་ལས་རང་བཞིན་ལྡན་པའི་ཤན་འབྱེད་པ་25མངགས། དེའི་ནང་དུ་རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་4དང་། རིམ་པ་དང་པོའི་ཤན་འབྱེད་པ་6 རིམ་པ་གཉིས་པའི་ཤན་འབྱེད་པ་9ཡོད།

                    རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ལ་བཀོད་སྒྲིག་བྱས་པའི་བྱ་དགའ་ཡང་གྱ་ནོམ་པ་ཞིག་ཡོད་དེ། ཨང་དང་པོར་དམངས་སྒོར་160000དང་། ཨང་གཉིས་པར་དམངས་སྒོར་100000 ཨང་གསུམ་པར་དམངས་སྒོར་80000 ཨང་བཞི་བར་དམངས་སྒོར་40000  ཨང་ལྔ་བར་དམངས་སྒོར་35000 ཨང་དྲུག་པར་དམངས་སྒོར་30000 ཨང་བདུན་པར་དམངས་སྒོར་25000 ཨང་བརྒྱད་པར་དམངས་སྒོར་25000བཅས་ཡོད་ཅིང་། འགྲན་ཞུགས་རུ་ཁག་གཞན་པ་བཅུ་གཉིས་ལ་ལ་ཡང་དམངས་སྒོར་10000ཡི་བྱ་དགའ་ཡོད།

                         ཉིན་བདུན་གྱི་ཛ་དྲག་གི་འགྲན་སྡུར་བརྒྱུད་མཐར། ཁྲོ་ཆུ་རྫོང་ལ་ཐེངས་འདིའི་འགྲན་བསྡུར་གྱི་རྟིང་མའི་རྒྱལ་ཁ་ཐོབ། འབར་ཁམས་གྲོང་ཁྱེར་གྱིས་ཨང་གཉིས་པ་བླངས། ཅི་ཧྲི་ཧྲན་གྱི་ཨང་གསུམ་པ་བླངས། བཙན་ལྷ་རྫོང་གིས་ཨང་བཞི་བ་བླངས། རྔ་བ་རྫོང་གིས་ཨང་ལྔ་བ་བླངས། ཆུ་ཆེན་རྫོང་གིས་ཨང་དྲུག་པ་བླངས། མའོ་རྫོང་གིས་ཨང་བདུན་པ་བླངས། ཟུང་ཆུ་རྫོང་གིས་ཨང་བརྒྱད་པ་བླངས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།