《ང་ཡི་ཆང་གསོལ་རོགས་》ཞེས་པ་ཅེ་ཉི་སའི་མིང་ཐོར་ཚུད།

རྒྱལ་རོང་ཡུལ་གྱི་དམངས་གཞས་《ང་ཡི་ཆང་གསོལ་རོགས་》ཞེས་པ་ཅེ་ཉི་སའི་གླུ་དབྱངས་ཁྲི་ལེན་མའི་མིང་ཐོར་ཚུད།

རྩོམ་པ་པོ།   ནོར་བུ་ཚེ་རིང་། དུས་ཚོད།   2019-08-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                       ཟླ་8པའི་ཚེས༡ཉིན། 2019ལོའི་ཤར་རྒྱལ་མོ་ཚ་བ་རོང་གི་ང་ཡི་ཆང་གསོལ་རོགས་ཞེས་པའི་གསར་རྩོམ་རོལ་དབྱངས་དུས་སྟོན་སྐབས་གཉིས་པ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་དུ་ཚོགས། རིག་རྩལ་སྤྲོ་ཚོགས་འདིར་བོད་ཁམས་ཡོངས་སུ་མིང་དུ་གྲགས་པའི་གླུ་བ་གླུ་མ་མང་པོ་ཞུགས་ཡོད་ལ། ཁོ་ཚོས་སྐད་ངག་སྙན་མོའི་འགྱུར་བ་རེ་རེས་རྔ་བའི་འཕེལ་རྒྱས་ཀྱི་གོམ་འགྲོས་གསར་བ་མངོན་པར་སྤྲོས་པས། ཕྱོགས་ཀུན་ནས་ཆེད་དུ་ཕེབས་པའི་རིགས་སོ་སོའི་ལྟད་མོ་བ་མང་པོའི་ཡིད་དབང་ཡོངས་སུ་འཕྲོག་པར་གྱུར། སྤྲོ་ཚོགས་ཡུལ་དངོས་སུ་རྒྱལ་རོང་ཡུལ་གྱི་དམངས་གཞས་ང་ཡི་ཆང་གསོལ་རོགས་ཞེས་པ་འཛམ་གླིང་ཇེ་ནི་སིའི་ཟིན་ཐོ་ཚད་ལེན་མི་སྣས་གླུ་དབྱངས་ཁྲི་ལེན་མའི་ཚད་གཞིར་ལོངས་མིན་གྱི་ཚད་ལེན་བྱས་མཐར། འཛམ་གླིང་ཇེ་ནི་སིའི་གླུ་དབྱངས་ཁྲི་ལེན་མའི་ཟིན་ཐོར་བཀོད་པ་ཁྱབ་བསྒྲགས་བྱས་ཤིང་ཟིན་ཐོའི་དཔང་ཡིག་ཀྱང་བྱིན་ནོ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།