མཁས་དབང་དགེ་འདུན་ཆོས་འཕེལ་ལ་ན་མོ།

རྩོམ་པ་པོ།   ཀོ་དོ་མཁན་པོ།དུས་ཚོད།   2019-08-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།

རང་བྱུང་སྙིང་གི་དབུས་ན་གནས་པ་ཡིས།།

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།

རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབས།།

              བརྙན་ཐུང་འདི་ནི་དབྱར་ཟླ་7པའི་ཚེས་23ཉིན། གསར་འགོད་པ་མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ཚང་གི་འཁྲུངས་ཡུལ་དང་ཁྱིམ་ཚང་དུ་འགྲིམ་པའི་མཐོང་ཐོས་རྣམས་ཕྱོགས་བསྒྲིགས་བྱས་པ་ཡིན་པས་ཚང་མས་གཟིགས་རོགས་གནང་།

              མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་ཕ་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་དང་མ་ཡུམ་པད་མ་སྐྱིད་གཉིས་ནས་སྤྱི་ལོ་1903ལོར་ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་ནམ་རེབ་གོང་རྫོང་ཞོ་འོང་ཡུལ་ཚོ་ཞོ་འོང་དཔྱི་སྡེ་བར་འཁྲུངས། སྤྱི་ལོ་1951ལོར་ལྷ་ས་ནས་ཚེ་ལས་འདས་སོང་། ཁོང་ཚང་ནི་བོད་མི་རིགས་ཀྱི་ཁྲོད་ནས་གཞན་དྲིང་མི་འཇོག་པའི་ཤེས་དཔྱོད་ཀྱི་བློའི་རང་རྩལ་དང་། སྤྱི་བྱེའི་གནས་ཚུལ་ཐོག་ཕུགས་རྒྱང་རིང་བའི་མནོ་བསམ་ཐོངས་པའི་ནུས་བ་ལྡན་པ་བཅས་ཀྱི་ཆ་ནས་སྔོན་ཆད་གངས་རིའི་ལྗོངས་སུ་བྱོན་པའི་པཎྜི་ཏ་མང་བོ་ནང་ནས་ཆེས་མངོན་གསལ་དོད་ཅིང་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཚན་རིག་ཞིབ་འཇུག་པ་ཞིག་ཡིན།