རྔ་བ་རྫོང་གི་ཚད་རིམ་A4ཅན་གྱི་ལྗོངས་ཁུལ་ཐོག་མ་གསེར་མཛོད།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-07-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བའི་འཕྲིན།

              ཟླ་7ཚེས་20ཉིན་གྱི་སྔ་དྲོར། ཕྱོགས་བཞིའི་མགྲོན་པོ་མི་ཡུལ་གྱི་དག་ཞིང་སྟེ་གསེར་མཛོད་སྡེ་བ་རུ་མཉམ་འཛོམས་བྱུང་ནས། གསེར་མཛོད་སྡེ་བར་ཚད་རིམ་A4ཅན་གྱི་ལྗོངས་ཁུལ་གྱི་མཚན་བྱང་བསྩལ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ། མཚན་བྱང་བསྩལ་བའི་མཛད་སྒོ་རུ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གླུ་དང་གར་སོགས་ཀྱིས་མཚོན་པའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་དེར་འདུས་ཀྱི་ལྟད་མོ་བ་ཚོའི་མིག་དབང་ཡང་ཡང་འཕྲོག

             གསེར་མཛོད་ནི་རྔ་བ་རྫོང་གྲོང་གི་ཤར་ལྷོའི་མཚམས་སུ་གནས་ཡོད་པ་དང་། རྫོང་གྲོང་དང་བར་ཐག་ལ་སྤྱི་ལེ་65ཡོད་ཅིང་། མཚོ་ངོས་ནས་མཐོ་ཚད་ལ་སྨི་2900། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་5ཡིན། གསེར་མཛོད་སྡེ་བར་དུད་ཚང་73ལས་མེད་པ་དང་། རྒྱབ་ནི་རི་དང་མདུན་ནི་གདོད་མའི་ནགས་ཚལ་གྱིས་བཟུང་ནས་ཡོད། གྲོང་ཁྱེར་དང་རིང་དུ་གྱེས་པའི་ཡུལ་ཁམས་དེར་སྟོན་འགོར་ཡུལ་སྐོར་དུ་ཡོང་ན་ཤིན་ཏུ་འཚམས།


           ད་ཐེངས་གསེར་མཛོད་སྡེ་བར་ཚད་རིམ་A4ཅན་གྱི་ལྗོངས་ཁུལ་གྱི་མཚན་ཐོབ་པ་དེས་རྔ་བ་རྫོང་ལ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མེད་པ་ནས་ཡོད་པ་ལ་གྱུར་ཅིང་། དེས་གཉན་པོ་གཡུ་རྩེ་དང་། མཎྡལ་ཐང་། རྔ་བའི་རིག་གནས་ཡུལ་སྐོར་སྐོར་ལམ་སོགས་མཛེས་ལྗོངས་ཁུལ་གཞན་དག་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་དཔེ་ལྟ་ས་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད། 


རྩོམ་སྒྲིག་པ།  ཚེ་པེ།