རི་རྫི་རྒན་རྒོན།

རྩོམ་པ་པོ།   དུས་ཚོད།   2019-07-23   རྩོམ་ཁུངས།    ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།

              ཆགས་དབྱིབས་དང་རྣམ་པ།

             ཚ་རུ་མ་ཡུལ་ཚོའི་སྲིད་གཞུང་ནས་ལྷོ་ཕྱོགས་སུ་ལེ་བར་གཅིག་ལྷག་སོང་མཚམས་ཀྱི་ལྡིང་ཆུའི་གཡས་གཡོན་ཏེ།  གཡས་ཕྱོགས་ཀྱི་རི་སྒང་ཅུང་མཐོ་ཤོས་ཀྱི་གདོང་ན་བྲག་ཀེར་གཟུགས་ཤིག་ཡོད་པ་དེ་ར་རྫི་རྒད་པོ་ཡིན་པ་དང་བྲག་ཐོ་དེའི་མདུན་ཐད་ནས་བལྟས་ན་རྒད་པོ་ཞིག་ལ་རྟེན་ལ་ཁེན་ནས་བསྡད་ཡོད་པར་འདྲ་བ་དང་།

             དེའི་མཐའ་རུ་བྲག་ཐོ་ཆུང་ངུ་འགའ་ཡོད་པ་དེ་དག་ནི་རི་རྫི་རྒད་པོས་འཚོས་པའི་ར་མའི་གཟུགས་སུ་སྣང་ཟེར་ལ།  གཡོན་ཕྱོགས་ཀྱི་རིའི་གཤམ་དང་ན་སྤང་འདྲེས་འཚམས་ན་བྲག་རྡོ་ཀེར་གཟུགས་ཤིག་ཡོད་པ་དེ་རྒན་མོ་ཞིག་གིས་ལག་པ་ཐོད་པར་བཞག་ན་ར་རྫི་རྒད་པོའི་ཕྱོགས་སུ་བལྟས་ཡོད་པ་དང་འདྲ་བས་རི་རྫི་རྒན་མོ་ཡིན་ཟེར་བ་རེད། 

             ངག་རྒྱུན། 

             ངག་རྒྱུན་ལ་སྔོན་ཆད་ས་དེར་ལྷག་བསམ་རྣམ་པར་དག་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒད་པོ་ཞིག་ཡོད་པ་དང་།  ཉིན་ཞིག་ལ་ཁོས་དགོན་རུ་གྲོང་ཡོངས་ལ་ཕན་གདགས་པའི་དུས་སུ་བབ་པར་གཟིགས་ནས་དུས་ལོག་སྟེ་རང་ཉིད་རྡོ་རུ་གྱུར་བར་བྱས་པ་དང་།  དེ་ནས་བཟུང་ས་དེའི་ས་དཔྱད་དུ་སྐྱ་འགོའི་དགོན་པར་བྱང་ཆུབ་སེམས་དཔལ་སྤྲུལ་བའི་སྐྱེས་བུ་དམ་པ་རྒྱུན་མི་ཆད་པར་འབྱུང་བའི་ཤིས་པ་དང་ལུང་བསྟན་བྱུང་ཞིང་རུ་སྡེ་ཡོངས་སུ་ཚེ་བསོད་རླུང་རྟ་རྒྱས་པའི་དགེ་མཚན་རྒྱས་ཡོད་པ་རེད་ཟེར།

འབྲེལ་ཡོད་ལོ་རྒྱས།

             དཀོན་མཆོག་རྒྱ་མཚོའི་བརྩམས་པའི《ཆོས་སྡེ་དགའ་ལྡན་ཆོས་འཁོར་གླིང་གི་བྱུང་བ་མདོ་ཙམ་བརྗོང་པ་སྐྱེ་བ་ལྔ་བའི་སྒྲ་དབྱངས་ཞེས་བྱ་བའི》ཤོག་ངོས༦༤པར་རོང་བོའི་ཕྱོགས་ཀྱི་ས་དཔྱད་པ་ཞིག་གིས་ཀྱང་། ར་རྫི་རྒན་པོ་ཟེར་བའི་བྲག་འདི་ནི་དགོན་པ་འདིར་བྱང་ཆུབ་སེམས་དཔལ་རེ་རྒྱུན་མི་འཆད་དུ་འབྱུང་བའི་ས་དཔྱད་རྟེན་འབྲེལ་ལེགས་ཞེས་བཤད་ཅེས་དང་།  ཡང་གནས་འདིའི་ས་དཔྱད་ལ། ། ཤར་ཕྱོགས་དཔལ་བེའུ་རྡོ་ཟོར་འདི། །  གྲྭ་རྒན་རྣམས་ཀྱི་ཚེ་ཐག་རིང་ས་ཡིན།།  ཞེས་བཀོད་ཡོད་པ་རེད། 

             ས་གནས། 

             ཧུང་ཡོན་རྫོང་ཚ་རུ་མ་ཡུལ་ཚོའི་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ༢ཙམ་སོང་མཚམས་ན་ཡོད། 

རྩོམ་སྒྲིག་་པ།  ཚེ་པེ།