བྱེ་མ་ཀ་ར་ཐད་ཀར་བགམ་རྒྱུ་མི་འདུག

རྩོམ་པ་པོ།   དུས་ཚོད།   2019-07-23   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

            བྱེ་མ་ཀ་ར་ནི་རྣམ་ཀུན་འཚོ་བའི་ནང་རྟག་ཏུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཞིང་།  དེ་བྲོ་བ་མངར་བས་ཕྲུ་གུ་མང་པོས་རྔན་པར་བརྩིས་ནས་ཐད་ཀར་བྱེ་མ་ཀ་ར་བགམས་ནས་ཟ་གི་ཡོད།  འོན་ཀྱང་དེ་ལྟར་བཟས་ཚེ། སོ་རུལ་བ་མ་ཟད། ད་དུང་ན་ཚ་གཞན་དག་ཕོག་པའི་ཉེན་ཁ་འདུག  

           བྱེ་མ་ཀ་རའི་ནང་རྟག་ཏུ་གཞན་རྟེན་སྲིན་འབུ་གཡན་འབུ(螨虫)ཞེས་པ་ཞིག་ཡོད་པས། གལ་ཏེ་ཐད་ཀར་བགམ་ན། གཡན་འབུས་བསླངས་པའི་ནད་ཕོག་ཉེན་འདུག 

           གཡན་འབུ་ཞེས་པ་ནི་ལུས་པོ་ཡོངས་ལ་སྤུ་སྐྱེས་ཡོད་པའི་སྲིན་འབུ་ཞིག་ཡིན་ཞིང་།  བྱེ་མ་ཀ་རའི་ནང་འཕེལ་ཁ་ཆེན་པོ་ཡོད།   མ་གཞི་ཐད་ཀར་མིའི་མིག་གིས་མཐོང་ཐུབ་ཀྱི་མེད་མོད།  འོན་ཀྱང་ཕྲ་མཐོང་ཆེ་ཤེལ་འོག་ཏུ་གསལ་ལེར་མཐོང་ཐུབ་ཀྱི་ཡོད།

           གལ་སྲིད་བྱེ་མ་ཀ་ར་ཐད་ཀར་བགམས་ན། གཡན་འབུ་ཕོ་རྒྱུའི་ནང་དུ་འཛུལ་ནས་གྲོད་པ་བཤལ་པ་དང་། ཕོ་བ་སྨུག་པོའི་ནད་བཟོ་གི་ཡོད། གལ་ཏེ་གཡན་འབུ་གློ་བའི་ནང་འཛུལ་ན། ཁྲག་འདོན་པ་དང་དབུགས་འཚང་བའི་ནད་བཟོ་ཉེན་ཡོད། གལ་ཏེ་གཅིན་ཟགས་མ་ལག་ནང་འཛུལ་ཚེ། གཅིན་ལམ་ལ་གཉན་ཚད་རྒྱས་ཉེན་ཡོད།   

           ཡིན་ནའང་། བྱེ་མ་ཀ་ར་དྲོད་ཚད་ཏུའུ་70ཙམ་གྱི་ཁ་ལག་གམ་ཆུ་སོགས་ཀྱི་ནང་སྐར་མ་3ཙམ་སྐོལ་བ་སོགས་བྱས་ཚེ།  བྱེ་མ་ཀ་རའི་ནང་གི་གཡན་འབུ་ཤི་འགྲོ་བས། ལུས་པོར་གནོད་འཚེ་བཟོ་གི་མེད།