ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར་248.52བཏང་ཟིན།

རྩོམ་པ་པོ།   དུས་ཚོད།   2019-07-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ད་ལོར་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར་13.73བཏང་བས་འགྲིམ་འགྲུལ་དངུལ་གཏོང་ཚོགས་པས་བཀོད་པའི་ལོ་ཧྲིལ་བོའི་དམིགས་འབེན་སྒོར་དུང་ཕྱུར་22ཀྱི་བརྒྱ་ཆ62.41ཟིན། མྱུར་བགྲོད་གཞུང་ལམ་བསྐྲུན་མགོ་ནས་བཟུང་། སྔ་ཕྱིར་སྡོམ་རྩིས་བྱས་ན་སྒོར་དུང་ཕྱུར་248.52བཏང་ཟིན་པ་དེས་རྣམ་གྲངས་ཀྱི་སྔོན་རྩིས་གཏོང་དངུལ་སྒོར་དུང་ཕྱུར་287གྱི་བརྒྱ་ཆ86.59ཟིན།

རྩོམ་སྒྲིག་པ།  ཚེ་པེ།