ཨེ་ཅིབ་ནས་ལོ་ངོ་4500ཡི་ལོ་རྒྱུས་ལྡན་པའི་གཏོར་གཟུགས་མཆོད་རྟེན་འཁྱོག་པོ་ཞིག་ནང་གི་བང་སོ་ཡུལ་སྐོར་བར་སྒོ་ཕྱེས།

རྩོམ་པ་པོ།   དུས་ཚོད།   2019-07-16   རྩོམ་ཁུངས།    མི་དམངས་དྲ་བ།

              མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། ཨེ་ཅིབ་རིག་དངོས་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་ཏེ། ལོ་ངོ་4500ལྷག་གི་ལོ་རྒྱུས་ལྡན་པའི་གཏོར་གཟུགས་མཆོད་རྟེན་འཁྱོག་པོ་ཞིག་ནང་གི་བང་སོ་ག་གེ་མོ་བསྐྱར་གསོ་མཇུག་སྒྲིལ་རྗེས་ཡུལ་སྐོར་བར་སྒོ་འབྱེད་རྒྱུ་ཡིན་པ་བསྒྲགས། གཏོར་གཟུགས་མཆོད་རྟེན་འཁྱོག་པོ་དེ་ནི་ཨེ་ཅིབ་རྒྱལ་ས་ཁ་རོབ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་35ཡོད་པའི་ཏའེ་ཧོ་ཧྲུའུ་གནའ་བོའི་ཨེ་ཅིབ་དང་རྒྱལ་པོ་ཚང་གི་བང་སོ་ཡོད་སར་གནས་ཤིང་། ཨེ་ཅིབ་ཀྱི་རྒྱལ་རབས་བཞི་བའི་ཧྥ་ལའོ་ས་ཧྥུའུ་ལོ་ཡིས་བཞེངས་པ་རེད། དེ་ལ་ཞབས་ནས་རྩེ་བར་ལ་རིམ་པ་མི་འདྲ་བའི་གཟར་ཚད་གཉིས་ཡོད་པས། གཏོར་གཟུགས་མཆོད་རྟེན་འཁྱོག་པོ་ཞེས་འབོད།




རྩོམ་སྒྲིག་པ།  ཚེ་པེ།