མཚོ་སྔོན་ཚྭ་ཁའི“བར་སྣང་དང་པོའི”ཡུལ་སྐོར་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེས་པ།

རྩོམ་པ་པོ།   དུས་ཚོད།   2019-07-15   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

              ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ནང་སོག་བོད་རིགས་རང་སྐྱོང་ཁུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཅིག་ཙམ་རིང་ཚོད་ལྟའི་གཉེར་སྐྱོང་བྱས་པ་བརྒྱུད་ཚྭ་ཁའི“བར་སྣང་དང་པོའི”ཡུལ་སྐོར་མཛེས་ལྗོངས་ཁུལ་ཟླ7པའི་ཚེས11ཉིན་དངོས་སུ་སྒོ་ཕྱེས་པ་རེད།

              མཚོ་ནུབ་ཁུལ་ཡུལ་སྐོར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་དབང་མཚོས“ཚྭ་ཁ་ནི་མཚོ་ནུབ་ཁུལ་གྱི་ཡུལ་སྐོར་གྱི་མིང་བྱང་ཞིག་ཡིན་ཞིང་། སྐྱེ་བོ་ཀུན་གྱིས་ཤེས་པའི‘བར་སྣང་མེ་ལོང’ཞིག་རེད་ལ་ཚྭ་འདམ་གཞོང་སའི་ཚྭ་མཚོ་ཆེན་པོ་བཞིའི་གྲས་ཤིག་ཀྱང་རེད”ཅེས་བརྗོད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་རང་བྱུང་ལེགས་ཆ་དང་ས་གཤིས་ཀྱི་ཆ་རྐྱེན་ལ་བརྟེན་ནས་མཚོ་སྔོན་གྱི་ཡུལ་སྐོར་ཚད་ཤིང་ཞིག་ལ་གྱུར་ཡོད། 2018ལོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི300ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “བར་སྣང་དང་པོའི”ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་ཚྭ་ཁའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉིས་པ་དེ་ཡིན་ཞིང་། དེ་སྒོ་མོ་ཕྱེ་རྗེས་ཡུལ་སྐོར་བ་དེ་བས་མང་བར་ཞབས་འདེགས་དང་སྣེ་ལེན་སྔར་བས་ལེགས་པ་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ།  ཚེ་པེ།