སྣུམ་གོར།

རྩོམ་པ་པོ།   དུས་ཚོད།   2019-07-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྒྱུ་ཆ། 

          གྲོ་ཕྱེ།  མར་ཁུའམ་སྣུམ་ནག

          བཟོ་སྟངས། 

           གྲོ་ཕྱེ་བརྫིས་ནས་ལེབ་མོར་བརྡལ་བ་དང་དེ་གོར་གོར་རམ་ནར་མོ་བྱས་ཏེ་དཀྱིལ་དུ་གྲིས་ཅུང་ཙམ་བཤར(སྣུམ་ནང་ནས་མི་འགད་པར་བཟང་།)ནས་མར་རམ་སྣུམ་ནག་ཁོལ་མའི་ནང་བཙོས་པས་ཆོག   གཞན་ཡང་གྲོ་ཕྱེ་ལེབ་མོར་བརྡལ་བ་དེ་གྲིས་བཤར་ན་མཐེབ་མགོའི་ཆེ་ཆུང་ལྟར་ཞིབ་བུར་གཏུབས་ན་མར་རམ་སྣུམ་ནག་ཁོལ་མའི་ནང་དུ་བཙོ་བ་ལ་རྡེའུ་ཧྲུག་ཅེས་འབོད། 

           ཕན་ནུས།

       གྲོ་ནི་རོ་མངར་སྣུམ་བསིལ་ལྕི་བ་སྟེ།།

          རོ་ཙ་འཚོ་བྱེད་རླུང་དང་མཁྲིས་པར་ཕན།།

          དུག་ནད་ཚིག་ལ་ཕྱེར་བ་སྡུད་པར་བྱེད།།

རྩོམ་སྒྲིག་པ།  ཚེ་པེ།