དབྱར་གཞུང་གི་སྟར་ཀ་འཐུ་བའི་བུ་མོ།

རྩོམ་པ་པོ།   སེར་ཆེན་མཚོ།དུས་ཚོད།   2019-07-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཚ་གདུགས་ཆེ་བའི་དབྱར་གཞུང་འདིར།                    

རྫ་རིའི་གསེང་གི་རི་གྲོང་དེ།                    

གཡང་སྡེ་འོད་འདུས་གྲོང་དུ།                    

སྤྲིན་དཀར་གྱི་ཚོམ་བུ་ཕན་ཚུན་རྒྱུ་ལ།                    

དག་གཙང་གི་མཁའ་དབུགས་ཀྱིས་གསོན་ཤུགས་སྩོལ།

དེ་ཡང་།

རྡོ་ཁང་གྲུ་བཞི་དག་རྫ་འདབས་ན་འཚང་ཁ་ཤིག་ཤིག་ཏུ་ཕུག་ཡོད།

རྟ་ལྗང་གཞོན་ནུ་སྤྲིན་གསེབ་ནས་སྡེ་འདིར་འཕྲོ་དུས།

དར་ལྕོག་རིང་མོ་དག་ལས་བཀྲག་མདངས་འཚེར་འོང་ལ།

ལས་ལ་བརྩོན་པའི་ཨ་ཅེ་རོང་མོས་སླེ་བོ་གྲུ་བཞི་རྒྱབ་ལ་ཁུར་ནས།

སྟར་ར་གྲུ་བཞིའི་ཕྱོགས་སུ་ཆས་སོང་།                    

སྟར་ཆུང་རྡོག་གཅིག་རྡོག་གཉིས།                    

སླེ་བོ་སྟར་ཀའི་གང་བྱུང་།                    

ཨ་ཅེ་འཛུམ་གྱིས་ཁེངས་བྱུང་།                    

ཡུལ་གྲོང་སྐྱིད་ཀྱིས་གསོས་བྱུང་།

རྩོམ་སྒྲིག་པ།  ཚེ་པེ།