ཟུང་ཆུ་ནས་རྡོ་ཆེན་ཞིག་གིས་འགྲུལ་འཁོར་ལ་བརྒྱབ་སྟེ་མི8བསད་འདུག

རྩོམ་པ་པོ།   དུས་ཚོད།   2019-07-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བའི་འཕྲིན།


              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་རྡོ་རྗེ་དཔལ།)ཟླ་7ཚེས་11ཉིན་གྱི་དུས་ཚོད་14དང་སྐར་5ཡི་ཐོག རྒྱལ་ལམ་213པའི་ལམ་རྒྱུད་ཟུང་ཆུ་རྫོང་གདོང་སྣ་ཡུལ་ཚོའི་མངའ་ཁོངས་སུ་འཁོར་རྟགས་ཁྲོནU36463ཅན་གྱི་འགྲུལ་འཁོར་ཅིག་ཟུང་ཆུ་རྫོང་ནས་ཁྲེང་ཏུའུ་ཕྱོགས་སུ་འགྲོ་དུས། གློ་བུར་དུ་རི་ལས་རྡོ་ཆེན་ཞིག་འགྲིལ་ནས་འགྲུལ་འཁོར་ལ་བརྒྱབ་སྟེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་རེད།

              རྒྱུས་ལོན་པ་ལྟར་ན། འགྲུལ་འཁོར་དེའི་ནང་ལ་མི་37ཤོང་ལ་དངོས་སུ་མི་30(ཁ་ལོ་བའང་འདུ)བསྡད་ཡོད། རྡོ་ཆེན་འོག་ནས་འབྲེལ་བ་ཆད་པའི་འགྲུལ་བ་4རྙེད་ཀྱང་སྲོག་ཆད་འདུག་ལ། གཞན་རྨས་མ་ཞིག་མྱུར་སྐྱོབ་བྱས་ཀྱང་ཚེ་སྲོག་ཤོར་བ་རེད། མིག་སྔར། ཐེངས་དེའི་འགྲིམ་འགྲུལ་དོན་རྐྱེན་ལས་མི་8ཀྱི་ཚེ་སྲོག་ཤོར་བ་དང་། མི་16རྨས་ཡོད། གཞན་པའི་མི་6ལ་རྨས་སྐྱོན་བྱུང་མེད།

             དོན་རྐྱེན་བྱུང་རྗེས། རང་ཁུལ་གྱིས“7.11”གྱི་ཟུང་ཆུ་རྫོང་གདོང་སྣ་ཡུལ་ཚོ་ནས་རྡོ་ཆེན་ཞིག་གིས་འགྲུལ་འཁོར་ལ་བརྒྱབ་པའི་དོན་རྐྱེན་མཁོ་བསྟུན་ཐག་གཅོད་ལས་ཀའི་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། དེའི་འོག་ཏུ་སྨན་བཅོས་སྐྱོབ་རོགས་ཚན་ཆུང་དང་ཡུལ་དངོས་ཀྱི་འཚོལ་སྐྱོབ་ཚན་ཆུང་། དོན་རྐྱེན་བརྟག་བཤེར་ཚན་ཆུང་། ཕྱོགས་བསྡུས་ཚན་ཆུང་། འདས་མཆོད་སྒྲུབ་པའི་ཚན་ཆུང་། རྒྱབ་ཕྱོགས་ཞབས་ཞུ་འགན་ལེན་ཚན་ཆུང་སོགས་བཙུགས་ནས་འབྲེལ་ཡོད་ལས་ཀ་གོ་རིམ་ལྡན་པར་སྒྲུབ་བཞིན་པའི་སྒང་ཡིན།

            ཞིང་ཆེན་མཁོ་བསྟུན་ཐིང་དང་སྤྱི་བདེ་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། རིག་གནས་ལྗོངས་སྐོར་ཐིང་སོགས་ལས་ཁུངས་དག་གིས་ལས་སྒྲུབ་ཚན་ཆུང་ཡུལ་དངོས་སུ་མངགས་ནས་སྐྱོབ་རོགས་ལས་ཀར་མཛུབ་སྟོན་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།