བྷ་དབོའི་རྒྱལ་ཁང་།

རྩོམ་པ་པོ།   ཀོ་དོ་མཁན་པོ།དུས་ཚོད།   2019-07-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཛམ་གླིང་ཡང་རྩེར་གནས་པའི་གངས་ཅན་བོད་མི་ལ།།

འོད་སྟོང་འབར་བའི་ལོ་རྒྱུས་རིང་མོའི་ཆུ་རྒྱུན་དུ།།

ངོ་མཚར་འབུམ་གྱིས་ཕྱུག་པའི་གཏམ་རྒྱུད་མང་བོ་ཡོད།།

དེ་ལས་བརྙན་གྱི་ལམ་ནས་འདས་དོན་བཤམ་རྒྱུ་ནི།།

ཤར་ཕྱོགས་ཁྲོ་ཆུ་ཡུལ་གྱི་བྷ་དབོ་རྒྱལ་ཁང་ཡིན།།

ས་རྡོ་རྒྱུ་ལས་གྲུབ་བའི་ཞིག་རལ་རྒྱལ་ཁང་དེ།།

ཚང་མའི་མིག་ལམ་ཤར་ཚེ་འདས་དོན་གསལ་ལེ་འཆར།།

སྟོབས་འབྱོར་དབང་ཐང་རྒྱས་པའི་ཡུལ་མི་དབང་དྲག་ཅན།།

ད་ལྟ་འདི་འདྲ་ཉམས་གུད་མཐོང་བར་ཨེ་མ་མཚར།།