རྔ་བའི་ཉིན་རེའི་གསར་འགྱུར་ཁང་གིས་གཅིག་གྱུར་བྱས་པའི་བརྡ་ཆད་གསར་བ།

རྩོམ་པ་པོ།   དུས་ཚོད།   2019-07-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཉེ་ཆར། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་བརྡ་ཆད་གསར་བ་གཏན་འཁེལ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། སྲིད་ཇུས་དང་ཚན་རྩལ། སྨྱན་སྦྱོར། གསར་འགྱུར་ཡོ་བྱད། ས་མིང་དང་ས་གནས་དུས་སྟོན་སོགས་ལ་འབྲེལ་བའི་བརྡ་ཆད་གསར་བ་130ལྷག་གཏན་ལ་ཕབ་ནས། རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་སྨྱན་སྦྱོར་ཀུན་འདུས་ཀྱི་འཕྲིན་སྟེགས་སོ་སོར་གཅིག་གྱུར་དུ་བེད་སྤྱོད་རྒྱུ་ཡིན་ལ། ངེད་གསར་འགྱུར་ཁང་གི་འཕྲིན་སྟེགས་སོ་སོར་བཀོད་དེ་སྤྱི་ཚོགས་སུ་བཀྲམ་པ་ཡིན་པས། ཀུན་གྱིས་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་བེད་སྤྱོད་པའམ་ཡང་ན་བརྡ་ཆད་གསར་བར་མིང་འདོགས་སྟངས་བདེ་མོ་རེ་ཡོད་ན་སྐད་འཇོག་རོགས་ཞུ། 

གཅིག དྲ་བ་དང་སྨྱན་སྦྱོར་ལ་འབྲེལ་བའི་བརྡ་ཆད་གསར་བ།

网络:དྲ་བ།

网站:དྲྭ་ཚིགས།

微博:པོད་ཕྲན།

微信:སྐད་འཕྲིན།

网格员:དྲྭ་གཉེར་པ།

网红(网络红人):དྲྭ་ཐོག་གྲགས་ཅན།

网络直播:དྲ་ལམ་ཐད་གཏོང་།

视频:བརྙན་རིས།

短视频:བརྙན་ཐུང་།

快闪:འཕྲལ་བརྙན།

抖音(抖音短视频、音乐短视频):འཁྱུག་དབྱངས།

全程媒体:བརྒྱུད་རིམ་ཧྲིལ་བོའི་སྨྱན་སྦྱོར།

全息媒体:ཆ་འཕྲིན་ཀུན་འདུས་སྨྱན་སྦྱོར།

全员媒体:ལས་མི་ཀུན་འདུས་སྨྱན་སྦྱོར།

全效媒体:ཕན་ནུས་ཀུན་འདུས་སྨྱན་སྦྱོར།

全景拍摄:ལྗོངས་ཡོངས་པར་ལེན།

自媒体(个人媒体、公民媒体):སྒེར་གྱི་སྨྱན་སྦྱོར།

微电影:གློག་བརྙན་ཐུང་ངུ་།

二维码:རྩ་གཉིས་ཨང་རྟགས། བཤེར་རིས།

扫描:འདྲ་བཤུ། བཤར་འབེབས།

云技术:སྤྲིན་ལག་རྩལ།

物联网:ཟོང་འབྲེལ་དྲ་བ།

内容个性化:ནང་དོན་སྒེར་མཁོ་ཅན།

视角多元化:ལྟ་སྟངས་སྣ་མང་ཅན།

传播民主化:བརྒྱུད་སྒྲོག་དམངས་གཙོ་ཅན།

གཉིས། ལུས་རྩལ་དང་འགྲན་སྡུར་ལ་འབྲེལ་བའི་བརྡ་ཆད་གསར་བ།

海选:མང་འདེམས། 

直选:ཐད་འདེམས།

初赛:ཐོག་མའི་འགྲན་སྡུར།

复赛:བསྐྱར་འགྲན།

决赛:རྟིང་རྩོད་འགྲན་སྡུར།

速度赛马:ཐུང་རྒྱུག་འགྲན་སྡུར། བང་རྒྱུག

耐力赛马:རིང་རྒྱུག་འགྲན་སྡུར། ཡུན་རྒྱུག

走马赛:གོམ་འགྲོས་འགྲན་སྡུར། གོམ་གཤིབ།

གསུམ། ཚན་རྩལ་དང་གསར་འགྱུར་ཡོ་བྱད་ལ་འབྲེལ་བའི་བརྡ་ཆད་གསར་བ།

智能手机:རིག་ནུས་ཁ་པར།

摄像:བརྙན་ལེན།

摄影:པར་ལེན།

无人航拍器:མི་མེད་མཁའ་འཕུར་པར་ཆས།

无人飞机:མི་མེད་གནམ་གྲུ།

数字化:ཨང་རྩིས་ཅན།

大数据:གཞི་གྲངས་ཆེན་མོ།

人工智能:མིས་བཟོས་རིག་ནུས།

无人机采集:མི་མེད་གནམ་གྲུའི་འཚོལ་བསྡུ།

光伏:འོད་ནུས།

太阳能:ཉི་ནུས།

བཞི། སྲིད་ཇུས་ལ་འབྲེལ་བའི་བརྡ་ཆད་གསར་བ།

依法治州:ཁྲིམས་ལྟར་ཁུལ་སྐྱོང་བ།

法治阿坝:ཁྲིམས་སྐྱོང་གི་རྔ་ཁུལ།

法律微知识:བཅའ་ཁྲིམས་ཤེས་བྱའི་ཟེགས་མ།

全域旅游:ཁོངས་ཡོངས་ལྗོངས་སྐོར།

精准扶贫:དབུལ་སྐྱོར་གནད་འཁེལ།

扶贫攻坚:དབུལ་སྐྱོར་གནད་སྒྲོལ།

脱贫攻坚:དབུལ་བྲལ་གནད་སྒྲོལ།

无缝对接:བར་གསེང་མེད་པའི་འབྲེལ་མཐུད། སྲུབས་མེད་འབྲེལ་མཐུད།

一线工作法:ཡུལ་དངོས་ལས་དོན་སྒྲུབ་ལུགས།

多元一体: རྒྱུ་མང་གཞི་གཅིག

河长制:ཆུ་དཔོན་ལམ་ལུགས།

绣花功夫:མེ་ཏོག་གཙག་དྲུབ་ཀྱི་ལག་རྩལ།

负面清单:འགོག་སྡོམ་ཞིབ་ཐོ།

合理错位,差异化发展:འོས་མཐུན་གནས་འཛོལ་དང་ཁྱད་པར་ཡོད་པའི་འཕེལ་རྒྱས།

营改增:ལས་ཁྲལ་འཕར་ཁྲལ་ལ་བསྒྱུར་བ།

供给侧结构性改革:མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་སྒྱུར་བཅོས།

推动治蜀兴川再上新台阶:སི་ཁྲོན་སྐྱོང་སྤེལ་གྱི་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སྤོ་བར་སྐུལ་འདེད་གཏོང་དགོས།

主题:བརྗོད་དོན་གཙོ་བོ།

造血功能 输血功能:རང་རྩོལ་ནུས་པ། གཞན་བརྟེན་ནུས་པ།

舆论生态:གླེང་བརྗོད་ཀྱི་སྐྱེ་ཁམས།

政治生态:ཆབ་སྲིད་ཀྱི་སྐྱེ་ཁམས།

社会关系虚拟化:སྤྱི་ཚོགས་ཀྱི་འབྲེལ་བ་རྟོག་བཟོ་ཅན།

建档立卡:ཡིག་ཚགས་བཀོད་ཅིང་བྱང་བུ་བཟོ་བ།

招聘:བསྡུ་ལེན།

ལྔ། ས་མིང་དང་ས་གནས་དུས་སྟོན་ལ་འབྲེལ་བའི་བརྡ་ཆད་གསར་བ།

日干桥:རི་རྒན་ཆོ། རི་རྒན་ན་གཞུང་།

月亮湾:ཟླ་ཚེས་སྐ་ཁུག

花湖:མཚོ་ཁྱ་ཁྲེབ།

措热瓦尖湖:མཚོ་རལ་བ་ཅན།

哈丘湖:ཧ་ཆབ་མཚོ་རྒན།

花海:འོམ་ཐང་།

红星岩:བདུད་གཞོམ།

红星沟:བདུད་གཞོམ་ལུང་བ།

甘海子:མཚོ་ལེབ།

达古冰川:ཏ་ཁོག་འཁྱགས་རོམ།

达格则:སྟག་རྩེ།

查针梁子:ཚལ་བྲན་ཉག་ཁ།

阿依那山:ཨ་ཞི་ལ།

阿翁沟:ཝ་གཞུང་ཁོག

梦笔山:འབོ་བྲེ་ལ།

七藏沟:ཆུ་བཟང་ཁོག

夹金山:གྱ་གྱུ་ལ།

巴朗山:སྤེན་ལ།

若木纽节:རྫ་ཉུལ་དུས་སྟོན།

花灯节:མེ་ཏོག་འཆམ་པའི་དུས་སྟོན།

彩林:ནགས་ཁྲ།

དྲུག གཞན་དག་ལ་འབྲེལ་བའི་བརྡ་ཆད་གསར་བ།

快餐面:མགྱོགས་ཐུག

主办单位:སྒྲུབ་གཙོ་ལས་ཁུངས།

承办单位:སྒྲུབ་འགན་ལས་ཁུངས།

协办单位:སྒྲུབ་རོགས་ལས་ཁུངས།

存折:དངུལ་ཡིག

银行卡:དངུལ་བྱང་།

账户:དངུལ་ཐོ།

报名:མིང་ཐོ་འགོད་པ།

报到:འབྱོར་ཐོ་འགོད་པ།

地下管线:ས་འོག་གློག་སྐུད།

地下管道:ས་འོག་སྦུ་གུ།

明洞:དཀར་ཕུག

暗洞:ནག་ཕུག

薰衣草:འཇི་རྩི་སྔོན་པོ།

安全带:སྐྱོབ་ཐག

温泉:ཆུ་ཁོལ། ཆུ་ཚན།

模特:ཤོམ་པ།

男模:སྐྱེས་པའི་ཤོམ་པ། ཕོ་ཤོམ།

女模:བུད་མེད་ཤོམ་པ། མོ་ཤོམ།

服饰表演:གོས་རྒྱན་ཤོམ་སྟོན།

人次:མི་ཐེངས།

人数:མི་གྲངས།

培训:གསོ་སྦྱོང་།

培养:གསོ་སྐྱོང་།

超市:རང་འདེམ་ཚོང་ཁང་།

省委省政府ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།

市委市政府:གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་།

高铁:མྱུར་བགྲོད་མེ་འཁོར།

地铁:ས་འོག་མེ་འཁོར།

空铁:བར་སྣང་མེ་འཁོར།

获得感:ཐོབ་སྣང་།

幸福感:སྐྱིད་སྣང་།

智慧城市:ཤེས་རབ་ཀྱི་གྲོང་ཁྱེར།

武警、武装警察:དྲག་པོའི་ཉེན་རྟོག་པ།

武装警察部队:དྲག་པོའི་ཉེན་རྟོག་དམག་དཔུང་།

虚拟现实(人工环境):རྟོག་བཟོས་དངོས་ཡོད།

创建:གསར་སྐྲུན།

政治方向:ཆབ་སྲིད་ཀྱི་ཁ་ཕྱོགས།

舆论导向:གླེང་བརྗོད་ཀྱི་བྱེད་ཕྱོགས།

价值取向:རིན་ཐང་འཛིན་ཕྱོགས།

排查:རིམ་བཤེར།

自查:རང་བཤེར།

抽查:འདེམས་བཤེར། 

རྩོམ་སྒྲིག་པ།  ཚེ་པེ།