བཟའ་འཐོར་གྱི་རྩོད་གཞི།

རྩོམ་པ་པོ།   དུས་ཚོད།   2019-07-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             གཉེན་སྒྲིག་བྱེད་སྐབས་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་གཉེན་སྒྲིག་ཡི་གེ་ལེན་དགོས་ལ། དེ་ནི་ཁྱོ་ཤུག་ཏུ་གྱུར་བའིི་བདེན་དཔང་ཞིག་ཡིན་ལ་ཁྱོ་ཤུག་ཕན་ཚུན་བར་གྱི་འགན་སྲུང་ཞིག་ཀྱང་ཡིན། འོན་ཀྱང་རོང་འབྲོག་ས་ཁུལ་ཁ་ཤས་སུ་སྲོལ་རྒྱུན་གྱི་གཉེན་སྟོན་མཛད་སྒོ་སྤེལ་བ་ཙམ་ལས་གཉེན་སྟོན་ཡི་གེ་ལ་དོ་སྣང་མི་བྱེད་པའི་ཁྱོ་ཤུག་ཀྱང་མང་བོ་ཡོད།

            རང་རྒྱལ་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་གཏན་འབེབས་ལྟར་ན། གཉེན་སྒྲིག་བྱེད་པའི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་གཉེན་སྒྲིག་ཐོ་འགོད་བྱ་དགོས་པ་དང་། བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་ཚེ།ཐོ་འགོད་བྱས་ཏེ། གཉེན་སྒྲིག་ཡི་གེ་སྤྲོད་དགོས། གཉེན་སྒྲིག་ཡི་གེ་བླངས་རྗེས། གཞི་ནས་ཁྱོ་ཤུག་གི་འབྲེལ་བ་ཆགས་པ་ཡིན། གཉེན་སྒྲིག་ཐོ་འགོད་བྱས་མེད་ཚེ་གསབ་འགོད་བྱ་དགོས་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཚེ་པེ།