སྒྲུང་གཏམ་བློན་པོ་བློ་བཟང་།

རྩོམ་པ་པོ།   དུས་ཚོད།   2019-07-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              སྤང་བོ་ཚེ་རིང་ནི་སྤྱི་ལོ1972ལོའི་ཟླ9བར་མཛོད་དགེ་རྫོང་བཞག་སྡོམ་བཀྲ་བོ་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། བཀྲ་བོ་སྡེ་བའི་སློབ་ཆུང་ལས་མཐར་ཕྱིན་རྗེས་ནོར་ལུག་གི་རྫི་བོ་བྱེད་དགོས་བྱུང་ཡང་། ཕ་མ་གཉིས་ནི་བོད་ཀྱི་དམངས་སྲོལ་གླུ་གར་དང་གཏམ་རྒྱུད་ལ་ཤིན་ཏུ་མཁས་པས། ཕ་མའི་མདུན་ནས་གླུ་གར་དང་གཏམ་རྒྱུད་ལ་ཉན་ནས་རིམ་བཞིན་དམངས་ཁྲོད་སྒྱུ་རྩལ་བ་ཞིག་ཏུ་གྱུར། དེ་མིན་ཁོའི་གྲོགས་པོ་སྒྲོལ་མ་སྐྱབས་དང་མཉམ་དུ་རྒན་པ་དག་གི་ངག་ཐོག་གི་དམངས་གླུ་དང་གཏམ་དཔེ། ཁེད། གབ་ཚིག ལ་གཞས། གཏམ་བཤད་སོགས་འཚོལ་སྡུད་བྱས་ཏེ། ཨ་མདོའི་དམངས་ཁྲོད་སྲོལ་རྒྱུན་གཉེན་སྟོན་འདྲི་གླུ་ཕྱོགས་བསྒྲིགས་ཐོས་པ་དགའ་སྐྱེད་སྙན་དབང་གསོ་བའི་བདུད་རྩི་ཞེས་པ་པར་སྐྲུན་བྱས་པར་མ་ཟད། བརྙན་སྡེར་མཛོད་དགེ་གླིང་དཀར་སྟོད་ཀྱི་སྲོལ་རྒྱུན་གཉེན་སྟོན་མཚོན་བྱེད་ཅེས་པའང་འགྲེམ་སྤེལ་བྱས་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།