མཛོད་དགེ་ཡིས་མང་ཚོགས་ལ་རིན་མི་དགོས་པར་སྐྱ་འགྲིབ་ཞིབ་འདེམ་བྱས།

རྩོམ་པ་པོ།   དུས་ཚོད།   2019-07-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    

                  རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། མཛོད་དགེ་རྫོང་གིས་རྫོང་སྨན་ཁང་དབང་པོ་ལྔའི་ཚན་ཁག་གི་སྨན་དོན་མི་སྣར་སྒྲིག་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཁྲོད་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པ་ཞིབ་འདེམ་བྱས་ལ། གཤགས་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་ནད་པར་སྐྱ་འགྲིབ་ཀྱི་སྒྲ་འདས་འོ་འགྱུར་གཤགས་བཅོས་བྱས་པ་རེད། 
                 མིག་སྔའི་བར་དུ། ནད་པ་200ཞིབ་འདེམ་དང་། སྐྱ་འགྲིབ་གཤགས་བཅོས་བྱ་རྒྱུར་འཚམ་པའི་ནད་པ་19གཏན་ཁེལ་བྱས། དེའི་ཁྲོད། སྐྱ་འགྲིབ་ཕོག་པའི་ནད་པ་7ལ་རིན་མེད་ངང་སྒྲ་འདས་འོ་འགྱུར་གཤགས་བཅོས་བྱས་ལ། དེ་བྱིངས་ཀྱི་ནད་པ་12ལ་མི་རེར་སྒོར་800ཡི་གཞི་རྩའི་འགྲོ་གྲོན་ཐོག་ནས་སྨན་རིན་བསྡུས་པ་རེད།(ནད་པ་རེར་སྒོར་3500ཡི་སྨན་རིན་ཇེ་སླ་རུ་བཏང་།) བསྡོམས་པའི་ནད་པའི་སྨན་རིན་སྒོར་ཁྲི་4.2ཇེ་སླ་རུ་བཏང་བའོ། །

རྩོམ་སྒྲིག་པ།  ཚེ་པེ།