ཛམ་བྷ་ལའི་སིལ་དམར་བོད་ཇར་བརྟེན་ཏེ། དཔལ་འབྱོར་གྱི་ཡོང་འབབ་བཙལ་བ།

རྩོམ་པ་པོ།   དུས་ཚོད།   2019-07-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ། ཚུལ་ཁྲིམས་རྡོ་རྗེ) ། ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་རིག་གནས་ཤེས་ཡོན་པར་བརྟེན་ཏེ། རིག་གནས་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་སྤེལ་ཅིང་། བརྒྱུད་སྦྱོང་རྟེན་གཞི་འཛུགས་སྐྱོང་བརྟེན་ནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་བྱེད་བཞིན་ཡོད་ལ། སྙིང་སྟོབས་དང་རིག་པ་བསྐྱེད་དེ། དངོས་མིན་ཤུལ་བཞག་རིག་གནས་དང་དབུལ་སྐྱོར་ལས་དོན་ཟུང་འབྲེལ་གྱིས་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་གཏོང་བའི་ཐབས་ཤེས་གསར་བ་འཚོལ་ཞིབ་བྱེད་བཞིན་ཡོད།

            ཛམ་བྷ་ལའི་སིལ་དམར་བོད་ཇ་ནི་ལུས་ལ་ཕན་པའི་ཇ་ཐུན་མོང་མ་ཡིན་པ་ཞིག་སྟེ། ཇ་འདི་ཁྲག་ནད་དང་ཕོ་ཁའི་ནད་སོགས་ལ་སྨན། ཡིན་ནའང་ཐོན་སྐྱེད་དང་ཕྱིར་ཚོང་གི་མ་ལག་གྲུབ་མེད་པ་ནི་ཇ་ལས་པའི་ལག་རྩལ་རྒྱུད་འཛིན་ཐད་ཀྱི་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད།

             ཛམ་བྷ་ལའི་སིལ་དམར་བོད་ཇའི་རྒྱུད་འཛིན་པ་ཨོ་རྒྱན་བསྟན་འཛིན་གྱིས2013ལོར་ཛམ་བྷ་ལའི་སིལ་དམར་བོད་ཇའི་བརྒྱུད་སྦྱོང་ཁང་བཙུགས་ཤིང་སློབ་མ་བསྡུས། མིག་སྔར། ཛམ་བྷ་ལའི་སིལ་དམར་བོད་ཇའི་བརྒྱུད་སྦྱོང་ཁང་དུ་སློབ་མ200ཡས་མས་ཡོད་ལ། བརྒྱུད་སྦྱོང་ཁང་གིས་བོད་ཇ་བཟོ་བའི་ལག་རྩལ་རྒྱུད་འཛིན་བྱེད་པའི་རྨང་གཞིའི་ཐོག བོད་ཤོག་དང་བོད་སྤོས། བོད་སྨན་སོགས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་སྣ་ཚོགས་སློབ་བཞིན་ཡོད།

           སློབ་མ་བསྟན་གྲགས་ནི་འཛམ་ཐང་རྫོང་ན་མདའ་གྲོང་རྡལ་གྱི་ཨ་ཀྱ་སྡེ་བ་ནས་ཡིན་ཞིང་། ཁོ་ཚང་ལ་བཟའ་མི་དྲུག་ཡོད། མུའུ་བཞིའི་ས་ཞིང་ལ་བརྟེན་ཏེ་འཚོ་བ་རོལ་བཞིན་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ངེས་གཏན་མེད་པས་དེང་སང་བསྟན་གྲགས་དང་ཁོའི་ཕུ་བོ་གཉིས་ཀྱིས་སིལ་དམར་བོད་ཇའི་བརྒྱུད་སྦྱོང་ཁང་དུ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཡོང་སྒོ་ཡང་བཟང་ཙམ་ཡོད། དེ་ལྟར་ཛམ་བྷ་ལའི་སིལ་དམར་བོད་ཇའི་བརྒྱུད་སྦྱོང་ཁང་གིས་ཁྱིམ་ཚང་དབུལ་བོ་དག་ལ་རོགས་རམ་ཆེན་པོ་བྱེད་བཞིན་འདུག་གོ།

↑ཇ་བཟོ་བ་རྣམས་ཀྱིས་ཧ་ཅང་གཟབ་ནན་ངང་ཇ་ལས་བཞིན་པ།

རྩོམ་སྒྲིག་པ། ཚེ་པེ།