མི་ཆོས་སྣང་ཚུལ་གྱི་སྐོར།

རྩོམ་པ་པོ།   དུས་ཚོད།   2019-07-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

མྱི་བརྒྱགས་ན་མི་བཤད་དགུ་བཤད།  །

ཁྱི་བརྒྱགས་ན་མི་ཟུག་དགུ་ཟུག།

སྐད་ཆ་བསམ་ནས་བཤད་དགོས། །

རྩམ་པ་བལྡད་ན་མིད་དགོས། །

ཁྱི་ངན་བཀག་ན་མི་ཁོག །

མྱི་ངན་བཟུང་ན་མི་ཐུབ། །

སྐད་ཆ་བཤད་པར་མདོ་མེད།།

རྐང་སྣམ་གྱོན་པར་འདོམས་མེད།།

མྱིས་བཤད་བཤད་ཚིག་མིན།།

བྱས་བརྒུམ་བརྒུམ་འབུ་མིན།།

གངས་དཀར་སེམས་ན་རྟ་མེད་ན།།

ཕུ་ཐུང་ནང་ལ་སྲབ་མི་བསྡུ། །

ཟ་བྱེད་སྟག་མོའི་ཁ་འདྲ་འདྲ།།

ཞུ་བྱེད་གོ་བོའི་ལྟོ་འདྲ་འདྲ།།

 

བྱ་ཕོ་རོག་ནག་རུང་མཆིན་པ་དཀར།།

ངའི་ཁ་ཚིག་རྩུབ་རུང་བསམ་པ་དཀར།།

སྤྱང་ཀིར་ཚེ་ཐར།།

རྐུན་མར་དཔའ་དར།།

ཁྲ་ཆུང་མིག་གིས་རྒྱུ་རིག་ན།།

གངས་དཀར་སེམས་ལ་འདྲེ་ཞུགས།།

ཡོད་པས་བརྒྱ་འབུལ་སྟོང་འབུལ།།

མེད་པོས་མེ་ཏོག་མཆོག་འབུལ།།

ཆེ་བ་རྒྱལ་ཁབ་ཀྱི་དོན་དག།

ཆུང་བ་སེམས་ཅན་གྱི་ཁ་སྣ།།

གཏམ་ཐོས་ཐོས་བཤད་ན་སྨྱོན་པ་ཡིན།།

ཟས་རིག་རིག་ཟོས་ན་ཁྱི་ཕག་ཡིན།།

མི་ཚེ་རླུང་ལ་བསྐུར།།

ཁ་ཕོ་ཆུ་ལ་བསྐུར།།

ཕོ་གསར་སྣང་བ་སྣ་མགོ།

གཡག་སར་སྣང་བ་རྭ་མགོ།

ཚིག་བརྒྱ་བཤད་ཀྱི་མདོ་རྩ།།

སྒ་ལྷུ་བཞི་འཛེར་གྱི་འཛེར་ཐག །

ཕར་བཤད་ཀྱི་ཆ་རུ།།

ཚུར་བཤད་ཀྱི་ཆར་ལུང་།།

མགོ་ཐོག་གི་བུམ་པ།།

ལྕེ་ཐོག་གི་བདུད་རྩི།།

ཚིག་ཁ་ཐོག་བཤད་པ་དོན་ཐོག།

རྐང་རྡོ་ཐོག་བཅག་པ་ལྕེ་ཐོག །

འདོན་རན་དུས་བླ་མའི་གསུང་སྐད་འགག།

རྒྱུག་རན་དུ་ཤ་ཁྱིའི་ལག་པ་ཆད།།

སངས་རྒྱས་གནམ་ལ་འཕུར་རུང་དད་པ་མེད།།

གཡག་གི་རྒྱུ་མ་དྲུད་རུང་སྙིང་རྗེ་མེད།།

ཕྱིང་དཀར་ས་ལ་བཏིང་ནས་ཐིག་ཅིག་རྒྱོབ།།

བློ་རྩེ་དང་ལ་བླངས་ན་འདང་ཞིག་རྒྱོབ།།

རྒྱ་མཚོ་གམ་ནས་བཞག་སྟེ།།

ཀོ་གྱོང་མཆི་མ་སྦངས།།

ཕོ་ཚིག་ཡིན་ན་བརྟན་དགོས།།

ཕོ་བྱ་ཡིན་ན་དཀར་དགོས།།

རྩོམ་སྒྲིག་པ། ཚེ་པེ།