རི་རྒན་ན་གཞོངས་ཆེན་མོ།

རྩོམ་པ་པོ།   དུས་ཚོད།   2019-07-01   རྩོམ་ཁུངས།    ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།

ཆགས་དབྱིབས་དང་རྣམ་པ།

             རི་རྒན་ན་གཞོངས་ཆེན་མོ་ནི།  འཛམ་གླིང་གི་ཆེས་ཆེ་བའི་མཐོ་སྒང་བརླན་སའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་།  སྦྲ་ཆེན་ལྟེ་བ་བྱས་ནས་རྨེ་བ་དང་ཐང་སྐོར།  བན་ཡུལ་སོགས་སུ་ཁྱབ་པའི་ན་གཞོངས་དེ་ལ་ས་མུའུ་ཁྲི3ལྷག་གི་གཞི་རྒྱ་ཡོད་པས་མུ་མཐའ་མི་མངོན་པ་དང་།  ན་ཆུ་མོད་པས་འདམ་ཞད་ཆེ་བ་དང་།  ལྡེམ་ཤུགས་ཆེ་ལ་མེར་མེར་དུ་ཡོད་པས།  ཉེན་ཁ་ཆེ་བ་དང་བགྲོད་པར་དཀའ་བ་དང་།  དེ་རུ་འདབ་ཆགས་ཀྱི་རིགས་བགྲང་ལ་འདས་ཤིང་སྔོན་ཆད་རྐྱང་དང་གཙོད།  དགོ་བ།  ཤྭ།  ཤྭ་རྒྱ།  ཁ་ཤྭ།  འབྲོང་སོགས་གཙོ་བྱས་པའི་རི་དྭགས་ཀྱི་རིགས་ཀྱང་ཧ་ཅང་མང་བ་མ་ཟད་དྲེད་མོང་དང་གཡུ་དཀར། རྩྭ་གཡུ།  ཝ་དཀར་ཝ་ནག་སོགས་གཅན་གཟན་ཡང་མང་དུ་ཡོད་ལ་དེང་སང་ཡང་དེ་དག་གི་རྗེས་ཤུལ་དང་འབྲེལ་ཡོད་ས་མིང་སོགས་མང་བོ་ཡོད་པ་རེད། 

ངག་རྒྱུན། 

           ངག་རྒྱུན་ལ1935ལོར་དམར་དམག་གི་ལེ་དབར་ཉི་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱས་པའི་ལམ་བར་དུ་རི་རྒན་ན་གཞོངས་ཆེན་མོ་འདི་བརྒྱུད་སྐབས་དམག་མང་བོ་ན་འདམ་ལ་ཟུག་ནས་ཤི་སོང་བ་ཟེར་སྲོལ་ཡོད། 

  ས་གནས། 

           ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་སུ་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།