བཙན་ལྷ་རྫོང་གིས《རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས》 ལག་བསྟར་དོན་འཁྱོལ་བྱས།

རྩོམ་པ་པོ།   དུས་ཚོད།   2019-06-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྔ་བའི་གསར་འགྱུར་དྲ་བའི་འཕྲིན། བཙན་ལྷ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་མི་སྣ་རྫོང་དེའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་། ཆུ་གར་གྲོང་རྡལ། ཁྲོང་ཏེ་ཡུལ་ཚོ་སོགས་སུ་བསྐྱོད་དེ། ཡུལ་དངོས་སུ་ལྟ་ཞིབ་དང་བཅར་འདྲི་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། ལས་ཁུངས་ཀྱིས་རང་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད《རྒན་རྒོན་གྱི་ཁེ་དབང་སྲུང་སྲུང་གི་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་སོགས་ཀྱི་ཐད་ལ་ཐོབ་པའི་ཕན་འབྲས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས།

              ཁྲིམས་འཛིན་ཞིབ་བཤེར་ཚོ་ཆུང་གིས་གོམ་གང་མདུན་སྤོས་ཀྱིས་རྒན་རྒོན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་ཐད་དྲིལ་སྒྲོག་བྱེད་ཤུགས་ཆེན་པོ་བཏང་བ་དང་། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ཚང་སྟོང་རྒན་རྒོན་ཚོར་ལྟ་སྐྱོང་ལྟེ་གནས་ཀྱི་ནུས་པ་དྲིལ་སྒྲོག་བྱས་ཏེ། རྒན་རྒོན་ཚོ་ལྟ་སྐྱོང་བྱེད་སྒོར་ཞུགས་རྒྱུ་ཁྲིད་སྟོན་བྱས། ལྟ་སྐྱོང་ཞབས་ཞུའི་ནང་དོན་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐྱོང་ལྟེ་གནས་ཀྱི་འཁོར་སྐྱོད་དང་དོ་དམ་ཚད་ལྡན་དུ་བཏང་ནས། ལྟ་སྐྱོང་ཞབས་ཞུ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་གྱུར།

             ད་ཐེངས་ཀྱི《རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས》 ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་ནས། གོམ་གང་མདུན་སྤོས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱིས་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་དང་། རྒན་རྒོན་གྱི་འཚོ་བ་དེ་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒན་བཀུར་དང་རྒན་གཅེས། རྒན་གསོ་དང་རྒན་སྐྱོར་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་ཞིག་བཏོན་ཏོ།།

རྩོམ་སྒྲིག་པ། ཚེ་པེ།