སྦགས་མེད་ཞིང་ལས་ཀྱིས་ཡོང་སྒོ་འཕར་སྣོན་བཏང་།

རྩོམ་པ་པོ།   དུས་ཚོད།   2019-06-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   རྔ་བའི་གསར་འགྱུར་དྲ་བའི་འཕྲིན།    ཉེ་སྔོན། འཛམ་ཐང་རྫོང་འཛམ་ཐང་གྲོང་རྡལ་འཛམ་ཐང་གྲོང་སྡེའི་ཞོག་ཁོག་འདེབས་པའི་རྟེན་གཞི་རུ་རྫོང་ཚན་རིག་ཞིང་ལས་ཅུས་ཀྱི་ཆེད་མཁས་པས་སྡེ་མི50ལྷག་ལ་ཞོག་ཁོག་འདེབས་པའི་ལག་རྩལ་འཆད་ཁྲིད་བྱས།

                   རྒྱུས་ལོན་པ་ལྟར་ན།འཛམ་ཐང་གྲོང་སྡེ་ལ་ཁྱིམ་ཚང་དབུལ་བོ51ཡོད། ཁྱིམ་ཚང་དབུལ་བོའི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་རྒྱ་ཆེར་བཏང་ནས2019ལོར་དབུལ་བོ་ལས་ཐར་བར་འགན་ལེན་བྱ་ཆེད། འཛམ་ཐང་གྲོང་རྡལ་གྱི་ཏང་ཨུ་དང་འཛམ་ཐང་གྲོང་སྡེའི་ཏང་ཀྲི་པུའུ་གཉིས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས། གྲོང་དམངས་ཀྱིས་རིན་མི་དགོས་པར་འདོན་སྤྲོད་བྱས་པའི་ས་ཞིང་མུའུ་ཆིག་བརྒྱ་ལ་ཞོག་ཁོག་བཏབ། མུའུ་རེར་ཞོག་ཁོག་རྒྱ་མ1000ནས1500ཙམ་ཐོན་པ་དང་རྒྱ་མ་རེར་སྒོར་གཅིག་རེའི་རིན་གོང་ལྟར་ཕྱིར་འཚོང་བྱས་ན། ད་ལོར་གྲོང་སྡེ་དེས་ཞོག་ཁོག་འདེབས་པའི་ཡོང་འབབ་སྒོར་ཁྲི15ཙམ་དུ་བསླེབ་རྒྱུ་རེད།དུས་མཚུངས་སུ། རྨོ་འདེབས་བྱེད་སྐབས་ཁྱིམ་ཚང་དབུལ་བོས་ཡུར་མ་ཡུར་བ་དང་ལུད་རྒྱག་པ་སོགས་ཀྱི་ངལ་རྩོལ་བྱེད་དུ་བཅུག་པས། ཁོ་ཚོས་རང་ཡུལ་ནས་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་གཏོང་བར་རོགས་རམ་བྱས།

རྩོམ་སྒྲིག་པ།  ཚེ་པེ།