དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་ལ་ཚད་རིམ་6.0ཅན་གྱི་ས་འགུལ་བྱུང་བ།

རྩོམ་པ་པོ།   དུས་ཚོད།   2019-06-18   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

                 ཟླ་6པའི་ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ཡི་སྟེང་། དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་ལ་ཚད་རིམ་6.0ཅན་གྱི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཀྱི་གཏིང་ཚད་ལ་སྨི་སྟོང་16འདུག  །ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་དུས་ཐོག་ཏུ་མཆན་བཀོད་མཛུབ་སྟོན་གནང་དོན། མགྱོགས་མྱུར་ངང་འཕྲལ་བསྟུན་སྔོན་ཇུས་ལས་ཀ་སྤེལ་བ་དང་། སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ས་འགུལ་བྱུང་སར་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་ནས་དུས་ཐོག་ཏུ་གནོད་འགོག་ཉེན་གཡོལ་དང་གློག་ཤུགས་དང་འཕྲིན་སྦྱོར། གཞུང་ལམ་སོགས་ཀྱི་འཁོར་རྒྱུགས་ལ་འགན་སྲུང་བྱ་དགོས་པ་དང་། ཞིང་ཆེན་ས་འགུལ་ཅུས་ཀྱིས་ས་འགུལ་གྱི་གནས་ཚུལ་ལ་རྟོག་དཔྱད་དབྱེ་ཞིབ་བྱེད་པར་ཤུགས་སྣོན་བྱ་དགོས་པའི་བླང་བྱ་བཏོན། ཁོང་གིས་བསྟན་དོན། ཉེ་དུས་ས་འགུལ་བྱུང་སར་ཆར་བ་ཅུང་ཆེན་པོ་བབས་པས་ས་འགུལ་དང་ཆར་ཆུས་ཡང་བསྐྱར་གནོད་འཚེ་ཐེབས་པར་སྔོན་འགོག་བྱེད་པ་དང་། ས་རྒྱུའི་བདེ་འཇགས་ཉེན་ཁའི་རྟོག་ཞིབ་ལ་ཤུགས་སྣོན་བྱ་དགོས་པ་དང་། ལྷག་པར་དུ་ཆུ་རགས་དང་ཆུ་མཛོད་སོགས་ལ་ཞིབ་བཤེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་མཆན་བཀོད་མཛུབ་སྟོན་གནང་ནས་ཉེན་སེལ་རོགས་སྐྱོབ་ལ་བླང་བྱ་བཏོན། 

རྩོམ་སྒྲིག་པ།  ཚེ་པེ།