གྲྭ་བཙུན་ཞིག་གི་མིག་ལམ་ལས་འཁྲུངས་པའི་རྔ་གཡང་ཕྱུག་མོ།

རྩོམ་པ་པོ།   ཚེ་རིང་ལྷ་མོ། དུས་ཚོད།   2019-05-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་ལྷ་མོ།) ཟླ5པའི་ཚེས30ཉིན་གྱི་ཕྱི་དྲོར། རྔ་བ་ཁུལ་པར་ལེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཡོན་ཏན་གྱི་པར་རིས་བརྩམས་ཆོས་ཏེ། གྲྭ་བཙུན་ཞིག་གི་མིག་ལམ་ལས་འཁྲུངས་པའི་རྔ་གཡང་ཕྱུག་མོ་ཞེས་པར་ཁྲེང་ཏུའུ་ཡི་ཁོན་ཀྲའེ་སྲང་ལམ་དུ་འགྲེམས་སྟོན་བྱས།  

              དེ་རིང་གི་པར་རིས་འགྲེམས་སྟོན་དུ་ཡོན་ཏན་གྱི་པར་རིས1000ལྷག་གི་ནང་ནས80བདམས་ཏེ་འགྲེམས་སྟོན་བྱས། ཁོང་གི་པར་རིས་ནི་རྔ་ཡུལ་གཡང་ལྡན་ཕྱུག་མོའི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཆོས་ལུགས་སོགས་མངོན་པར་མཚོན་ཡོད། པར་ལེན་པ་ཡོན་ཏན་གྱིས། ཁོ་བོའི་པར་རིས་བརྩམས་ཆོས་ནི་སྒྱུ་རྩལ་གྱི་སྣང་བརྙན་ཡིན་ལ་ལོ་རྒྱུས་ཀྱི་ཟིན་ཐོ་ཡིན། ཞེས་བཤད།

.

ཁོང་གི་པར་རིས་རེ་རེས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས།

རྩོམ་སྒྲིག་པ།  ཚེ་པེ།