ཟུང་ཆུ་རྫོང་གིས་ཁྲིམས་ལུགས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2019-05-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             རི་སྐྱེས་སྨན་རྩ་འཐུ་བའི་དུས་ཚིགས་སུ་ས་མཚམས་ཆུ་མཚམས་ཀྱི་རྩོད་གཞི་སྔོན་འགོག་དང་། མི་ཚོགས་རང་བཞིན་གྱི་དོན་རྐྱེན་དང་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་ཆེད། ཉེ་ཆར། ཟུང་ཆུ་རྫོང་སྒྲོག་འགྲེལ་ཚོགས་པ་དང་སྒྲོག་འགྲེལ་རུ་ཁག་མཐའ་འཁོབ་ཀྱི་འབྲོག་ཁུལ་དུ་སོང་ནས། ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས།

              ཉེ་བའི་ལོ་འདི་དག་གི་རིང་། རྫོང་དེའི་ལས་ཁུངས་སོ་སོའི་རྐང་འཛིན་པ་དང་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཡོད་པའི་ལས་བྱེད་པ་སོགས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་སྒྲོག་འགྲེལ་རུ་ཁག་ལྔ་བཙུགས་ཏེ། སྔ་གཞུག་ཏུ་རྫོང་དེའི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་གཞིས་ཁུལ25ལ་སོང་ནས། གོ་སླ་བའི་མང་ཚོགས་ཀྱི་སྐད་ཆ་བེད་སྤྱད་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་སྒྲོག་འགྲེལ་བྱས་ནས། འགལ་བ་དང་རྩོད་གླེང་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། སྒྲོག་འགྲེལ་རུ་ཁག་ལྔ་བོ་ནི་སོ་སོ་འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པ་དང་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ། དགོན་པའི་སྒྲོག་འགྲེལ་ཚོགས་པ། མང་ཚོགས་སྒྲོག་འགྲེལ་ཚོགས་པ། ལྗོངས་ཁུལ་སྒྲོག་འགྲེལ་ཚོགས་པ་བཅས་ཡིན།

           ན་ནིང་གི་ཟླ3པ་ནས་ད་ལོའི་ཟླ5བའི་བར་དུ་རྫོང་དེའི་བོད་རྒྱ་སྐད་གཉིས་ཀྱི་སྲིད་ཇུས་དང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་དང་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་ཐེངས300ལྷག་སྤེལ་པ་དང་། རྫོང་དེའི་མི་ཐེངས70000ཁེབས་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།