མཛོད་དགེའི་འབྲིང་བ་ཡུལ་ཚོར་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས།དུས་ཚོད།   2019-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ།  མགོན་པོ་བཀྲ་ཤིས།) ཉེ་ཆར། རྔ་བ་ཁུལ་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་ཚོགས་པ་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོ་འབྲིང་བ་ཡུལ་ཚོ་རུ་སྤེལ་བ་དང་། རྔ་བ་ཁུལ་ཁྲིམས་འཛིན་ཅུས་ཁྲིམས་ལུགས་དྲིལ་སྒྲོག་པ་མགོན་པོ་སྐྱབས་ཀྱིས་བོད་རྒྱ་སྐད་གཉིས་ལམ་ནས་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་འགྲེལ་བཤད་གནད་དུ་འཐིང་བར་བྱས།   

          བྱེད་སྒོའི་ཡུལ་དངོས་སུ། ལས་ཀྱི་སྣེ་མོ་བས་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་དཔེ་ཆ་དང་འགྲེལ་གཉིས་སྒྲོག་གཅིག་གི་དཔེ་ཆ700ལྷག་རིན་མེད་དུ་བྱིན། སྡེ་དམངས་ཚེ་དཔག་སྐྱབས་ཀྱིས། དེ་རིང་གི་བཅའ་ཁྲིམས་དྲིལ་སྒྲོག་ནང་དོན་ཁ་གསལ་ཞིང་གོ་བདེ་ལ་སེམས་སུ་འཇགས་སླ་བས་ཕན་ཤིན་ཏུ་ཐོག་ཅེས་བཤད།   

         ལས་བྱེད་པ་དང་གྲྭ་བ། མང་ཚོགས་བཅས་མི300ལྷག་ཐེངས་འདིའི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོར་ཞུགས།  

རྩོམ་སྒྲིག་པ།  ཚེ་པེ།