འཕྲོད་བསྟེན་བདེ་ཐང་གི་དམིགས་ཚད་ལེགས་འགྲུབ་ཡོང་བར་བྱེད།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-05-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བའི་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ། གྲགས་པ་བསྟན་འཛིན།) ཉེ་སྔོན། མཛོད་དགེ་རྫོང་གིས2019ལོའི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་། རིམ་པ་སོ་སོས་འགན་འཁུར་བ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་དམིགས་ཚད་བདེ་བླག་ངང་ལེགས་འགྲུབ་ཡོང་དགོས་པའི་རེ་བ་བཏོན།

           རྫོང་དཔོན་གཞོན་པ་ཀྲང་ལུའུ་ཝུན་དང་རྫོང་འཕྲོད་བསྟེན་ཅུས་ཀྱི་ལས་བཟོ་བ་ཡོངས། ཡུལ་ཚོ་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ལས་སྣེའི་འགན་འཁུར་མི་སྣ་སོགས་ཚོགས་འདུར་ཞུགས་པ་རེད།

           ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། 2018ལོའི་ཕྱོགས་བསྡུས་དམིགས་ཚད་བྱ་དགའ་ཐོབ་པའི་ཡུལ་ཚོ་དང་དེ་བཞིན་ཡུལ་ཚོའི་འཕྲོད་བསྟེན་ཁང་ལ་གཟེངས་བསྟོད་བྱ་དགའ་གནང་།

              ཚོགས་ཐོག་ཏུ་རྫོང་དཔོན་གཞོན་པ་ཀྲང་ལུའུ་ཝུན་གྱིས་ཡུལ་ཚོ་དང་གྲོང་རྡལ་སོ་སོས་འཕྲོད་བསྟེན་ལས་ཀའི་འགོ་ཁྲིད་པར་ཤུགས་བརྒྱབ་ནས་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱ་དགོས་པ་དང་། ལས་དོན་ལག་བསྟར་ནན་མོ་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཁག་གོ་རིམ་ཡོད་པའི་ངང་ནས་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ་དང་། འཕྲོད་བསྟེན་བདེ་ཐང་ལ་མ་དངུལ་གཏོང་བའི་ལམ་སྲོལ་སྔར་བས་འཐུས་ཚང་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་གི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ།  ཚེ་པེ།