རྨེ་བ་དགོན་དུ་བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   ཚེ་དཔག་ལྷ་མོ། དུས་ཚོད།   2019-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་དང་བཅའ་ཁྲིམས་སྲིད་ཇུས་དགོན་སྡེར་ཁྱབ་གདལ་གཏོང་བའི་མང་ཚོགས་ལས་དོན་ནན་ཏན་ངང་སྤེལ་ཆེད། ཟླ་5པའི་ཚེས་10ཉིན་ཧུང་ཡོན་རྫོང་ཨུའི་རྒྱུན་ཨུ། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཡུང་དྲུང་རིན་ཆེན་གྱིས་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུས། རྫོང་ཁྲིམས་འཛིན་ཅུས། རྫོང་ནང་བསྟན་མཐུན་ཚོགས། རྫོང་རྒྱ་གྲམ་དམར་པོ་ཚོགས་པ། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་སྣེ་ཁྲིད་ནས་རྨེ་བ་དགོན་དུ་དགོན་འབྲེལ་གྲྭ་འདྲིས་དང་བཅའ་ཁྲིམས་སྲིད་ཇུས་དགོན་སྡེར་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

            བྱེད་སྒོ་ལ་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་སློབ་གསོ་དང་ཁྲིམས་སྲོལ་སོགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་སྤེལ་ནས། བྱེད་སྒོ་སྤེལ་བའི་དམིགས་ཡུལ་དང་། ལག་བསྟར་གོ་རིམ། ཞིབ་ཕྲའི་བླང་བྱ་བཅས་བཏོན་ཡོད། དེ་མིན་བྱ་འགུལ་དུ་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག(བོད་རྒྱ་སྐད་གཉིས་ཀྱི་པར་གཞི)》གཅིག་བསྡུས་སྒོས་སྟེར་བའི་མཛད་སྒོ་སྤེལ་བ་དང་། རྫོང་ཁྲིམས་ལུགས་སྲིད་ཇུས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བོད་སྐད་ཀྱི་ཐོག་ནས་དགེ་འདུན་པར་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་དགེ་འདུན་པ་དང་རྒྱུན་གཏན་གྱི་སྒོམ་སྒྲུབ་དང་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་དང་འབྲེལ་བ་དམ་པོ་ཡོད་པའི་ནང་དོན་གཙོ་བོར་སྒྲོག་འགྲེལ་བྱས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་ལས་དོན་མི་སྣ། ཆོས་ལུགས་བྱེད་སྒོ། ཆོས་ལུགས་རྒྱུ་ནོར་བཅས་ཁྲིམས་ལྟར་ཚད་ལྡན་གྱི་དོ་དམ་བཞི་ཡི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ལ། དེ་དང་ཆབས་ཅིག་ཁྲིམས་ལྟར་དགོན་སྐྱོང་གྲྭ་སྐྱོང་ལས་དོན་གྱི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་ལ་ཡང་འགྲེལ་བཤད་བརྒྱབ་པ་རེད། 

          རྫོང་རྒྱ་གྲམ་དམར་པོ་ཚོགས་པས་བོད་རྒྱ་སྐད་གཉིས་ཀྱི་མཁོ་བསྟུན་མྱུར་སྐྱོབ་གསོ་སྦྱོང་དགེ་རྒན་གཉིས་པོས་དགེ་འདུན་པ་མང་པོའི་བདེ་ཐང་གནད་དོན་གྱི་རྒྱུ་རྐྱེན་དང་སྔོན་འགོག་བྱ་ཐབས། དེ་བཞིན་གློ་སྙིང་སླར་གསོའི་བཀོལ་སྤྱོད་སོགས་ཡུལ་དངོས་སུ་འཁྲབ་སྟོན་བྱས་ཏེ་དགེ་འདུན་པ་ཚོ་དང་མཉམ་འགུལ་སློབ་ཁྲིད་བྱས་པས་རྒྱ་ཆེའི་དགེ་འདུན་པས་མཁོ་བསྟུན་མྱུར་སྐྱོབ་ཀྱི་རྒྱུན་སྤྱོད་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱས། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བོད་རྒྱ་སྐད་གཉིས་སྒྲོག་འགྲེལ་མི་སྣས་དགེ་འདུན་པར་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ཐུམ་འབུའི་ནད་དང་གློ་གཅོང་ནད་འགོག་བཅོས་ལ་དམིགས་པའི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་དང་། དཔེ་འཇོག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཐུམ་འབུའི་ནད་དང་གློ་གཅོང་ནད་ཀྱི་ནད་རྐྱེན་དང་། མཆེད་ལམ། ནད་རྟགས། སྔོན་འགོག་ཚོད་འཛིན། སྨན་བཅོས་བྱེད་ཐབས། འཕྲོད་བསྟེན་བཟའ་བཏུང་སོགས་ངོ་སྤྲོད་བྱས་པ་རེད།

          ཐེངས་འདིའི་བྱེད་སྒོར་བོད་རྒྱ་སྐད་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོས་འགོའི་ཡི་གེ་དང་ཤེས་བྱའི་དེབ་ཆུང་500ལྷག་དང་། བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཀློག་དེབ་200ལྷག ཐུམ་འབུའི་ནད་དང་གློ་གཅོང་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་200ལྷག དཔེ་ཁུག་150ལྷག དགེ་འདུན་པ་དབུལ་པོ་20ལ་འཚམས་འདྲིའི་དངུལ་སྒོར་1000རེ་སྤྲད་པ་མ་ཟད། ད་དུང་བྱེད་སྒོར་ཞུགས་པའི་དགེ་འདུན་པ་ཡོངས་ལ་བྱ་སྤུའི་གྱོན་ཆས་240དང་སྲིང་བལ་གྱི་རྐང་ཤུབས་250སོགས་ཀྱི་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།