ཚོང་རྟགས་སྲུང་སྐྱོང་སྐོར་གྱི་ཤེས་བྱ་གནད་བསྡུས།

རྩོམ་པ་པོ།   དུས་ཚོད།   2019-05-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམ་ལུགས་ཚགས་པར།

            ཚོང་རྟགས་ཐོ་འགོད་བྱེད་དོན་ཅི་ཡིན་ནམ།

           ●རང་ཉིད་ཀྱི་གསར་སྐྲུན་ཚོང་རྟགས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཕྱིར།

           ●ལས་རིགས་གཅིག་པའི་ཚོང་ལས་འགྲན་རྩོད་ཁྲོད་ཐོན་རྫས་སྤུས་ཀ་གཞན་དང་ཁྱད་པར་ཡོད་པ་མཚོན་ཕྱིར།

           ●ཚོང་རའི་འགྲན་རྩོད་དང་འགྲེམ་བརྡ་ཁྱབ་བསྒྲགས་བཅས་ལ་ཕན་ཞིང་། སྤྱི་གཉེར་ཁང་གི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་ཐུབ།

           ●ཚོང་རྟགས་གྲགས་ཅན་ལ་ཚོང་ལས་ཀྱི་རིན་ཐང་ཆེན་པོ་ལྡན།

           ཚོང་རྟགས་ཐོ་འགོད་མ་བྱས་ན་གནད་དོན་གང་དག་འབྱུང་ངམ།

           ●ཁེ་དབང་ལ་གནོད་པ་ཐེབས་ཚེ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་དཀའ་བ།

           ●དཀའ་སྤྱད་འབད་བརྩོན་གྱིས་ལས་གཉེར་བྱས་པའི་ཚོང་རྟགས་གཞན་གྱིས་འཕྲོག་འགོད་བྱས་ན། ལོ་མང་རིང་ གི་དཀའ་སྤྱད་ཆུད་ཟོས་སུ་འགྱུར་པ།

           ●ཚོང་རྟགས་ཁེ་དབང་ལ་གནོད་སྐྱོན་ཐེབས་ཚེ་བཟོ་ཚོང་ཕྱོགས་ཀྱིས་བརྟག་བཤེར་ཞུ་གཏུག་བྱས་ན་དཀའ་སྡུག་་དང་ཕམ་ཁས་འཇལ་དགོས།

           ●སྤྱི་གཉེར་ཁང་གི་ཚོང་རྟགས་གཟུགས་བརྙན་བཞེངས་སྐྲུན་བྱེད་མི་ནུས་ལ་འགྲན་རྩོད་ཀྱི་ནུས་ཤུགས་ཇེ་ཞན་དུ་འགྲོ།

           ཁེ་ལས་ཚོང་རྟགས་ཐད་ཀྱི་ནོར་འཁྲུལ་འདུ་ཤེས།

           ●ཁེ་ལས་ཀྱི་གཞི་རྒྱ་ཆུང་བས་ཚོང་རྟགས་ཐོ་འགོད་ལ་དགོས་པ་མེད་སྙམ་སྟེ། ཁེ་ལས་ཀྱི་མིང་བྱང་ནི་ཚོང་རྟགས་རེད་སྙམ་ན་ནོར་འཁྲུལ་ཡིན་ཏེ། ནམ་ཞིག་ཁེ་ལས་རྒྱ་ཆེར་སྤེལ་རྗེས་རང་ཉིད་ཀྱི་ཁེ་ལས་མིང་བྱང་སྔ་མོ་ནས་མི་གཞན་གྱིས་ཐོ་འགོད་བྱས་ཟིན་སྲིད།

           ●སྤྱི་གཉེར་ཁང་གིས་ཚོང་རྟགས་ཐོ་འགོད་ལ་དགོས་པ་མེད་པར་སྙམ་སྟེ། ཚད་ངེས་ཅན་ལ་བསླེབས་པའི་ཚོང་རྟགས་ཤུགས་རྐྱེན་ལ་དོ་སྣང་མི་བྱེད་པ།

           ●ཁེ་ལས་ཐོག་མར་འཛུགས་དུས་ཚོང་རྟགས་ཐོ་འགོད་བྱས་མ་བྱས་ལ་ཁྱད་པར་མེད་སྙམ་ཡང་། ནམ་ཞིག་ཁེ་ལས་རྒྱ་ཆེར་སྤེལ་རྗེས་ད་གཟོད་ཁེ་ལས་ཀྱི་མིང་བྱང་སྤྱད་དེ་ཚོང་རྟགས་ཐོ་འགོད་ཀྱི་འདུ་ཤེས་སྐྱེས་མོད། འོན་ཀྱང་དེ་དུས་གཞན་གྱིས་ཚོང་རྟགས་འཕྲོག་འགོད་བྱས་ཟིན་སྲིད།  

           ཚོང་རྟགས་ཐོ་འགོད་ཀྱི་ཞབས་ཞུའི་བརྒྱུད་རིམ།

           ●ཚོང་རྟགས་ཐོ་འགོད་མ་བྱས་སྔོན་ཚོང་མགྲོན་གྱིས་ཚོང་རྟགས་ཀྱི་མིང་འདོན་སྤྲོད་བྱེད་པ་དང་། ཚོང་རྫས་ཀྱི་རིགས་གཏན་ཁེལ་བྱས་ཏེ། རེ་ཞུ་བྱེད་འཆར་གྱི་ཚོང་རྟགས་དེ་ཐོ་འགོད་བྱས་ཟིན་པ་དང་། ཡང་ན་བརྟག་ བཤེར་གཏོང་བཞིན་པའི་ཚོང་རྟགས་དང་རིགས་འདྲ་བའམ་མཚུངས་པ་དང་། འདྲི་རྟོག་འགྲོ་གྲོན་གཏོང་བ་་སོགས་ལ་གཡོལ་ཕྱིར་ཐོ་འགོད་རེ་ཞུ་མ་བྱས་སྔོན་འདྲི་རྟོག་བྱ་དགོས།

           ●ཚོང་རྟགས་ཐོ་འགོད་བྱེད་པ་དག་གིས་གཤམ་གྱི་རྒྱུ་ཆ་དག་འདོན་སྤྲོད་བྱ་དགོས།

           1.གཞུང་ཐམ་ཡོད་པའི་ཚོང་གཉེར་བཟོ་ཚོང་འཛིན་ཡིག་བསྐྱར་དཔར་དང་། སྒེར་གཉེར་ཚོང་ལས་ཡིན་ན་ ཐོབ་དཔང་བསྐྱར་དཔར་དང་བཟོ་ཚོང་འཛིན་ཡིག་བསྐྱར་དཔར་འདོན་སྤྲོད་བྱ་དགོས།

           2.ཐོན་རྫས་ཐོ་འགོད་མཚོན་རྟགས(ཚོང་རྟགས)འདོན་སྤྲོད་བྱ་དགོས་ཤིང་། མཚོན་རྟགས་རང་ཉིད་ཀྱིས་ ཇུས་འགོད་བྱས་ཏེ་བསྐུར་དགོས། མཚོན་རྟགས་ཡིག་གཟུགས་ལ་སོགས་ཡིན་ན་བཟང་།

           3.ཚོང་རྟགས་ཀྱི་རིགས་དང་ནང་དོན་སོགས་གསལ་བོར་འདོན་སྤྲོད་བྱ་དགོས།

           ●ཚོང་རྟགས་ཐོ་འགོད་རེ་ཞུའི་དུས་ཚོད།  

           1.འབྲེལ་ཡོད་སྡེ་ཁག་གིས་ཐོ་འགོད་ཀྱི་རྒྱུ་ཆ་དང་འགྲོ་གྲོན་སྤྲད་རྗེས་ཀྱི་ཉིན་གསུམ་གྱི་ནང་ཐོ་འགོད་རེ་ཞུའི་རྒྱུ་ཆ་དག་རྒྱལ་ཁབ་ཚོང་རྟགས་ཅུས་ལ་སྤྲོད་རྒྱུ།

           2.ཚོང་རྟགས་ཐོ་འགོད་བྱེད་མཁན་གྱི་ཁེ་ལས་པར་ཉིན20ཡས་མས་སུ་ཚོང་རྟགས་ཅུས་ནས་བདག་སྤྲོད་འབྱོར་  ཡིག་སླེབས་ངེས་ཤིང་། ཟླ6གི་ནང་ཚོང་རྟགས་གཏན་ཁེལ་དང་། ཟླ9ནས12ཀྱི་ནང་ཐོན་དབང་འཛིན་ཡིག་  འབྱོར་ཞིང་། ལོ10ཡི་ནང་འགྲོ་གྲོན་གང་ཡང་གཏོང་མི་དགོས་ལ། ཚོང་རྟགས་དཔང་ཡིག་ལ་ལོ10ཡི་ནང་  ཐེངས་གཅིག་ལས་ལོ་བཤེར་ཡང་བྱེད་མི་དགོས། 

རྩོམ་སྒྲིག་པ། ཚེ་པེ།