རང་བྱུང་སྣང་ཚུལ།

རྩོམ་པ་པོ།   དུས་ཚོད།   2019-05-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྩྭ་ཡར་སྐྱེས་ཀུ་ཤ་འདྲ་བོ།།

ཆུ་མར་བཞུར་བདུད་རྩི་འདྲ་བོ།།

རྒ་བ་རྒས་ཀྱིས་མནར།།

འབྱུང་བ་ལོ་ཡི་ཐུབ།།

ཆུ་ནག་མས་ལམ་འཐེན་དུས།།

བྱ་འོལ་བའི་འདབ་མ་རླུང་གིས་སྐྱོར་དུས།།

རྟ་བརྒྱས་སྒ་མི་ཐེག།

ལུག་བརྒྱས་གྲི་མི་ཐེག།

དབྱར་ཡུ་མོའི་ཤེའུ་ཆུ་རྟ་ཕོའི་ཤ་ལ་བཟང་།།

སྟོན་ཤ་བོའི་ངུ་ཆུ་རྟ་ཕོའི་ལད་ལ་བཟང་།།

དཔྱིད་ཟོག་ནད་པ་འདྲ་འདྲ་ཞིག།

ཟོག་རྫི་སྨན་པ་འདྲ་འདྲ་ཞིག།

སྟོན་ཟོག་ཤ་བོ་འདྲ་འདྲ་ཞིག།

ཟོག་རྫི་ཤྭ་ཁྱི་འདྲ་འདྲ་ཞིག །

ཁ་བ་གསུམ་ལ་རྗེས་མས་ཆེ།།

བ་མོ་གསུམ་ལ་སྔ་མས་ཆེ།།

ཉིན་སྔ་དྲོ་ལུག་གིས་ཅི་བསམ་ཡིན།།

ཉིན་ཕྱི་དྲོ་ལུག་རྫིས་ཅི་བསམ་ཡིན།།

བྱ་ཁྭ་ཏ་སོང་སར་ཁ་མི་བྲོ།།

གོ་མགོ་སེར་སོང་ཡུལ་མི་དྲོ།།

རྫ་ཁའི་གོང་མོ་ཁ་མཁས་མ།།

ཚང་ཁ་གནམ་ལ་སྟོན་ནི་མ།།

རྒོད་ཐང་དཀར་གྱི་མིག་གསལ།།

བྱ་གོ་བོའི་སྣ་གསལ།།

ལ་ཁའི་ཁ་བ་ཆེ་ཆུང་དེ།།

ལྷ་བྱ་གོང་མོའི་སྐད་ལ་ཉོན།།

ལུང་བའི་ཕུ་ཐག་རིང་ཐུང་དེ།།

གཙང་ཆབ་སྔོན་མོའི་འགྲོས་ལ་ལྟོས།།

ནམ་ཚོད་བྱ་ཕོས་བཟུང་།།

རྒྱལ་ཁ་བོང་བུས་བླངས།།

གླ་ཁེའི་ཤིང་ལ་འབར་མེད།།

ཁྲོ་ལུ་ནག་ཐོར་ཁོལ་མེད།།

བག་རྗེས་ཁ་བས་བསྲུབས་ན།།

བག་སྣ་རོ་ལ་གཏུགས།།

སྦྲ་ནག་ནང་ན་སྦྲང་རྩི་མེད།།

ཁྱི་སྐྱག་ནང་ན་ནས་རྒུམ་མེད།།

ཁྱི་གུ་རྒྱ་ལི་མ་གཏོག་རྒྱ་བཞི་མེད།།

ར་མ་རྒྱལ་མོ་མ་གཏོགས་མན་ཚར་མེད།།

ཕོ་ཁ་སྤུ་མེད་ན་མོ་ཁ་ཡིན།།

མོ་ཁ་སྤུ་ཡོད་ན་འདྲེ་ཁ་ཡིན།།

རྟ་རེས་རྡོ་ལ་གཞུས་ན།།

སྐུ་གྱོང་ལྕགས་ལ་ཕོག།

དཔྱིད་ཁུ་འཕངས་ཀྱི་ཡུ་མོའི་ཆས་མི་ནུབ།།

སྟོན་ཁུ་འཕངས་ཀྱིས་ཤྭ་བོའི་རྭ་མི་རིག།

རྩོམ་སྒྲིག་པ། ཚེ་པེ།